༢༠༡༤ ཟླ་ ༡༠ ཚེས་ ༡༥ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༧ ཉིན་རྒྱ་གར་དང་ (West Indies) གཉིས་དབར་རྒྱལ་སྤྱིའི་ (Cricket) དབྱུག་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་བཞི་པ་རྡ་ཤོད་ཀ་ཅཱ་རིའི་ས་གནས་ཉེ་འཁྲིས་སུ་རྟེན་གཞི་བྱས་པའི་ཧི་མ་ཅལ་དབྱུག་རྩེད་སྤོ་ལོའི་རྩེད་ཐང་དུ་རྩེད་འགྲན་གནང་གཏན་འཁེལ་བར་བརྟེན། མངའ་སྡེའི་དབྱུག་རྩེད་སྤོ་ལོའི་ཚོགས་ཆུང་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་མགྲོན་གཙོ་བོར་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག
དེ་ཡང་དབྱུག་རྩེད་སྤོ་ལོའི་མགྲིན་ཚབ་པས་བརྒྱུད་ལམ་ཁག་གཅིག་ནང་གསུང་གསལ། སྤྱིར་བཏང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་མཛད་འཕྲིན་ཆེ་བའི་དབང་གིས་འཛམ་གླིང་ཞི་བདེ་ཆེད་འཛམ་གླིང་གི་ས་ཕྱོགས་གང་སར་མཛད་འཕྲིན་རྒྱ་ཆེ་བསྐྱངས་དང་སྐྱོང་མུས་རེད། འོན་ཀྱང་ད་ཐེངས་སྟབས་ལེགས་པ་ཞིག་ལ་༸གོང་ས་ཏཱ་ལའི་བླ་མ་མཆོག་བཞུགས་སྒར་དུ་བཞུགས་གདན་འཇགས་ཡོད་སྟབས། ང་ཚོས་གསོལ་འདེབས་ཞུས་དོན་ལྟར། ཆིབས་སྒྱུར་བསྐྱང་རྒྱུའི་ཞལ་བཞེས་མཛད་པ་ནི་ང་ཚོ་ཧ་ཅང་སྐལ་པ་བཟང་པོ་ཡིན་སྙམ་བཞིན་ཡོད། ཅེས་སོགས་འགྲེལ་བརྗོད་གནང་འདུག
རྡ་སར་ཡོད་པའི་ཧི་མ་ཅལ་དབྱུག་རྩེད་སྤོ་ལོའི་རྩེད་ཐང་འདི་ནི། རྒྱ་མཚོའི་ངོས་ནས་མཐོ་ཚད་ཕི་ཀྲི་ ༤༠༠༠ ཐོག་མཐའ་འཁོར་དུ་རྡོ་ལ་རྡར་ (Dauladhar) རི་རྒྱུད་ཀྱི་རྒྱན་པའི་འཛམ་གླིང་ནང་རྩེད་ཐང་སྙིང་རྗེ་ཤོས་ཀྱི་གྲས་ཤིག་ཀྱང་ཆགས་ཡོད། །