༢༠༡༤ ཟླ་ ༡༠ ཚེས་ ༢༡ རེས་གཟའ་མིག་དམར།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༢༡ ཉིན་བཏང་གནང་ནང་འཁོད་དོན། བལ་ཡུལ་འཇོ་ཁེལ་བསམ་གྲུབ་གླིང་གཅིག་ལྕོགས་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཀརྨ་ཟླ་བ་ལགས་ཀྱིས། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༧ རེས་གཟའ་པ་སངས་ཉིན་བལ་ཡུལ་རྒྱལ་སའི་ས་གནས་འཐུས་ཚོགས་སྐབས་བདུན་པའི་བདམས་ཐོན་འཐུས་མི་རྣམ་པ་དང་། ཚོགས་གཙོ་བསོད་ནམས་ཚེ་རིང་ལགས་དང་། ཚོགས་གཞོན་བློ་བཟང་དངོས་གྲུབ་ལགས་བཅས་ཀྱི་ལས་ཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག