༢༠༡༤ ཟླ་ ༩ ཚེས་ ༩ རེས་གཟའ་མིག་དམར།
༄༅། །བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐབས་བསྟུན་དགོས་མཁོ་གཞི་བཟུང་སྤྱི་ཁྱབ་རྩིས་ཞིབ་ལས་ཁུངས་ཆེད་གཤམ་གསལ་ས་སྟོང་ཡོད་པར་སྲི་ཞུའི་ལས་བྱེད་དུ་ཚུད་རྗེས་ཉུང་མཐར་ལོ་ལྔ་རིང་མུ་མཐུད་ཞབས་འདེགས་ཞུ་འདོད་ཡོད་རིགས་ནས་སོ་སོའི་འདོད་མོས་གང་ཡོད་ཐོག་འཚང་སྙན་འབུལ་འཐུས།
སྤྱི་ཁྱབ་རྩིས་ཞིབ་ལས་ཁུངས་ཆེད་ཟུང་དྲུང་ས་སྟོང་ ༡ དང་། ལས་ཁུངས་དོ་དམ་པའི་ས་སྟོང་ ༡ ལས་དྲུང་ས་སྟོང་ ༨ བཅས་ལས་བྱེད་གསར་བསྐོ་ ༡༠ བྱེད་རྒྱུའི་དགོས་ངེས་ཆ་རྐྱེན།
༡༽ ཤེས་ཚད། ཉུང་མཐར་ཚད་ལྡན་མཐོ་སློབ་ཞིག་ནས་རྩིས་ཀྱི་རིག་གཞུང་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་(BCom) ཐོན་པའམ། དེ་དང་མཉམ་པའི་ཤེས་ཚད་ལག་འཁྱེར་ཡོད་པ།
༢༽ ལོ་ཚད། ༢༠༡༤།༡༠།༡༥ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་། ཟུང་དྲུང་གནས་རིམ་དུ་ ༣༥ དང་།
ལས་དོ་དང་ལས་དྲུང་གཉིས་སུ་ ༤༠ ལས་མ་བརྒལ་བ་དགོས།
༣༽ ཉམས་མྱོང་། ཟུང་དྲུང་གནས་རིམ་ཆེད་ཉུང་མཐར་ལས་ཀའི་ཉམས་མྱོང་ལོ་ ༨ དགོས།
༤༽ རྒྱུགས་གཞི། བོད་ཡིག་དང་། དབྱིན་ཡིག ཆབ་སྲིད། ཞིབ་ཕྲའི་རྩིས་ཀྱི་ལམ་ལུགས་བཅས་སློབ་ཚན་བཞིའི་
ཐོག་འབྲི་རྒྱུགས་དང་། བོད་སྐད་དང་། དབྱིན་སྐད། ཆབ་སྲིད་བཅས་གསུམ་ཐོག་ངག་རྒྱུགས་ལེན་རྒྱུ།
གོང་གསལ་གནས་རིམ་སོ་སོའི་ཆེད་ཆ་རྐྱེན་ལྡན་རིགས་ནས་གསལ་བསྒྲགས་ནང་གསལ་གནས་རིམ་གང་རུང་གཅིག་ལ་མ་གཏོགས་སྙན་འབུལ་མི་ཆོག སྙན་ཞུའི་འགེངས་ཤོག་འདི་ག་ལས་ཁུངས་དང་། ས་གནས་འགོ་འཛིན་ལས་ཁང་། གཞུང་འབྲེལ་དྲ་རྒྱ་ (www.tibet.net) གང་རུང་ནས་ཞུ་བཏོན་བྱས་ཏེ་འཚང་སྙན་འགེངས་ཤོག་འཚེམས་ལུས་མེད་པ་བཀང་སྟེ་འཤམ་འཁོད་དགོས་ངེས་ཡིག་ཆ་མཉམ་འབུལ་དགོས།
(༡) རང་ཉིད་ཀྱི་ད་ལྟའི་ཕྱེད་དཔར་ཚོན་ལྡན་གཉིས་རེ་དང་།
(༢) མཐའ་མའི་ཤེས་ཚད་ཨང་ཤོག་དང་། ལག་འཁྱེར་(Marks Card & Degree Certificate) ངོ་བཤུས།
(༣) འབུལ་འབབ་གཙང་འབུལ་ཟིན་པའི་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་། གཉིས་པ། མཐའ་མ་བཅས་ཀྱི་ངོ་བཤུས།
(༤) གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་ལག་འཁྱེར་ (R.C) ཤོག་གྲངས་དང་པོ་དང་། དུས་
འགྱངས་ཞུས་པའི་མཐའ་མའི་ངོ་བཤུས།
(༥) བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང་། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་། འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་(MC) ཁ་གསར་སྟེང་རང་ཉིད་ཀྱི་འདྲ་དཔར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང་། ས་རྟགས་འཁོད་པ་ངོ་མ། (རྡ་ས་བདེ་ལེགས་སྨན་ཁང་གི་ངོས་སྦྱོར་ཡིན་ཚེ་སྨན་པ་ས་འདུ་ཚེ་བརྟན་རྡོ་རྗེའི་ངོས་སྦྱོར་ཞུ་དགོས།)
(༦) སྐྱེས་ཚེས་ལག་འཁྱེར་རམ་དེ་མིན་ཁྲིམས་མཐུན་སྐྱེས་ཚེས་ལག་འཁྱེར་གང་རུང་གི་ངོ་བཤུས།
(༧) རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་བྱ་སྦྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་(Character Certificate)
ངོ་མ།
(༨) ལས་བྱེད་ཁོངས་འཚུད་ན་ཉུང་མཐར་ལོ་ ༥ ཞབས་ཞུ་གནང་རྒྱུའི་གན་ཡིག (རྗེས་སུ་འབུལ་ན་འཐུས་རྒྱུ།)
(༩) གལ་སྲིད་ད་ལྟ་སྤྱི་སྒེར་སྡེ་ཚན་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་སྡེ་ཚན་དེའི་འགན་འཛིན་ནས་དགག་ཆ་མེད་པའི་ངོས་སྦྱོར་ (No Objection Letter) ངོ་མ་བཅས་མཉམ་འབུལ་དགོས།
གོང་གསལ་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ། འདེམས་ལྷན་ནས་བསྐོ་གཞག་བྱས་པའི་ཟུང་དྲུང་གནས་རིམ་ཡན་སུ་རུང་གི་དག་མཆན་ལས་དམ་ (Attestation) ཞུས་ཏེ་ ༢༠༡༤ ཕྱི་ཟླ་ ༡༠ ཚེས་ ༡༥ འགྱངས་མེད་རང་ཉིད་ཀྱི་ཁྱིམ་གཞིས་དང་། སླད་འབྲེལ་བ་གནང་བདེའི་ཁ་བྱང་། ཁ་དཔར་ཨང་། གློག་འཕྲིན།(E-Mail)སོགས་ཁ་གསལ་བཀོད་དེ་གཤམ་གསལ་མཚན་བྱང་ཐོག་ཕུལ་འབྱོར་ཟིན་པ་དགོས་རྒྱུ། ཆ་རྐྱེན་ཚང་ཞིང་ཚོད་བལྟའི་དུས་ཚེས་གཙང་བའི་ལས་བྱེད་ཡིན་མུས་སུ་རུང་གནས་རིམ་འོག་མ་ནས་ཀྱང་སྒྲིག་གསལ་ལྟར་སྙན་འབུལ་ཆོག་རྒྱུ།
གོང་གསལ་དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་ཡིན། འཚང་སྙན་དུས་ཐོག་འབྱོར་རིགས་རྣམས་ལ་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ལྡན་པ་ཚོར་དུས་ཐོག་ཡིག་རྒྱུགས་གཏོང་ཆེད་འབོད་བརྡ་ཡོང་རྒྱུར་སྐབས་བསྟུན་ལག་འཁྱེར་སོགས་ཡིག་ཆ་ངོ་མ་ཁག་མཉམ་འཁྱེར་གྱིས་འབྱོར་ཐོ་འགོད་བཅར་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༡༤ ཟླ་ ༩ ཚེས་ ༩ ལ།།
Secretary
Public Service Commission
Central Tibetan Administration
Gangchen Kyishong, Dharamsala-176215
Distt.Kangra, (H.P)
Tel: 01892-226240
Telefax: 01892-222328
E-mail: [email protected]