༢༠༡༤ ཟླ་ ༩ ཚེས་ ༡ རེས་གཟའ་ཟླ་བ།
༄༅། །ཡུ་རོབ་ལྷན་ཁང་གིས་པོ་ལེན་ཌིའི་སྲིད་བློན་སྐུ་ཞབས་ཌོ་ནལ་ཊ་སི་ Donald Tusk མཆོག་ལ་ཡུ་རོབ་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་གསར་པར་བསྐོ་གཞག་གནང་བ་མ་ཟད། ཨི་ཊ་ལིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཕེ་ཌི་རི་ཀ་མོ་གེ་རི་ནི་Federica Mogherini མཆོག་ཡུ་རོབ་སྤྱི་མཐུན་ཚོགས་པའི་ཕྱི་འབྲེལ་ལས་དོན་དང་བདེ་འཇགས་སྲིད་བྱུས་ཚོགས་ཆུང་གི་ཆེས་མཐོའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་འདུག དེ་ཡང་ཕྱི་ཚེས་ ༣༠ རེས་གཟའ་སྤེན་པའི་ཉིན་ཡུ་རོབ་སྤྱི་མཐུན་ཚོགས་པའི་དབུ་ཁྲིད་རྣམས་སྦེལ་ཇམ་རྒྱལ་ས་བྷར་སེལ་དུ་འདུ་འཛོམས་གནང་སྟེ་ཐག་གཅོད་དེ་ལྟར་གནང་བ་མ་ཟད། སྐབས་དེར་དཔལ་འབྱོར་དཀའ་ངལ་སྐོར་དང་། ཡུག་ཁེ་རེན་ Ukraine དང་གྷ་ཛ་ Gaza ལུང་ཤོང་། དེ་བཞིན་ཨི་རཱག་ Iraq བཅས་ཀྱི་དཀའ་རྙོག་སོགས་ལའང་བགྲོ་གླེང་གནང་འདུག