༢༠༡༤ ཟླ་ ༩ ཚེས་ ༡༧ རེས་གཟའ་ལྷག་པ།
༄༅། །ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་བྷུན་ཏར་དགེ་འོས་མཐོ་སློབ་ཁང་དུ་འགན་འཛིན་ལས་རོགས་གཅིག་བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་ཕོགས་རིམ་ཐོག་ཆོད་གན་ངོ་བོར་བསྐོ་གཞག་གནང་རྒྱུ་ཡིན་པས། ཆ་རྐྱེན་ཚང་ཞིང་ལས་སྣེར་ཞུགས་བློ་ཡོད་རིགས་ཚོས་ཤེས་རིག་དྲ་ཚིགས། (www.sherig.org) ནས་འགེངས་ཤོག་ཕབ་བཤུས་ཀྱིས་ཞིབ་བཀང་གནང་རྗེས་ལག་འཁྱེར་ཡིག་ཆ་ཁག་དང་འཚང་སྙན་གཤམ་གསལ་ཁ་བྱང་ཐོག་ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༣༡ འགྱངས་མེད་འབུལ་དགོས་པ་དང་། འཚང་སྙན་ནང་སོ་སོའི་ཞལ་པར་ཨང་དང་ཨི་མེལ་ཁ་བྱང་ངེས་པར་འཁོད་དགོས། འཚང་རྒྱུགས་དངོས་གཞིའི་ཉིན་ཞིབ་འཇུག་ཆེད་ལག་འཁྱེར་ངོ་མ་མཉམ་འཁྱེར་དགོས་པ་དང་། ཆ་རྐྱེན་ཚང་བའི་སྙན་འབུལ་བ་རྣམས་ལ་ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༢༥ ཉིན་ངག་རྒྱུགས་ལམ་ནས་འདེམས་སྒྲུག་གིས་གཉིས་མོས་ཆོད་གན་འཇོག་རྒྱུ་ཡིན།
དགོས་ངེས་ཆ་རྐྱེན།
༡༽ ངོས་འཛིན་ཡོད་པའི་མཐོ་རིམ་གཙུག་ལག་སློབ་ཁང་གང་རུང་ནས། ཤེས་ཡོན་རིག་པའི་ཐོག་ཆེས་མཐོའི་འབུམ་རམས་པའི་ (Ph. D in Education) ལག་འཁྱེར་དང་། དེའི་ཐོག་ལོ་ ༣ དགེ་རྒན་དང་སློབ་གྲྭའི་འཛིན་སྐྱོང་ཉམས་མྱོང་ཡོད་དགོས། ཡང་ན། གཙུག་ལག་རབ་འབྱམས་པ་ཨང་ཐོབ་བརྒྱ་ཆ་ ༥༥ (Master’s degree) ལག་འཁྱེར་དང་། M. Ed. with 55% marks ལག་འཁྱེར་ཐོག་དགེ་རྒན་དང་འཛིན་སྐྱོང་ཉམས་མྱོང་ལོ་ ༥ ཡོད་པ། ཡང་ན། ཤེས་ཡོན་རིག་པའི་ཐོག་གཙུག་ལག་རབ་འབྱམས་པ་ཨང་ཐོབ་བརྒྱ་ཆ་ ༥༥ ལག་འཁྱེར་དང་། B. Ed. བརྒྱ་ཆ་ ༥༥ ཐོན་པའི་ལག་འཁྱེར་ཐོག་དགེ་རྒན་དང་འཛིན་སྐྱོང་ཉམས་མྱོང་ལོ་ ༧ ཡོད་དགོས།
༢༽ དྭང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་། གཉིས་པ། མཐའ་མ་བཅས་ཀྱི་ངོ་བཤུས།
༣༽ གནས་ཡུལ་རྒྱལ་ཁབ་ཏུ་གནས་སྡོད་ཆོག་པའི་ལག་འཁྱེར་ (R.C.) ཤོག་གྲངས་དང་པོ་དང་། དུས་འགྱངས་ཞུས་པའི་མཐའ་མའི་ངོ་བཤུས།
༤༽ སྨན་ཁང་ཚད་ལྡན་ཞིག་ནས་གཟུགས་བདེ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང་མཚན་རྟགས་འཁོད་པ་ངོ་མ།
༥༽ ད་ལྟ་སྤྱི་སྒེར་གང་རུང་དུ་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་དེ་ནས་དགག་བྱ་མེད་པའི་ངོས་སྦྱོར།
༦༽ གོང་གསལ་ལག་འཁྱེར་དང་ཡིག་ཆ་ཁག་གི་ཐོག་ས་གནས་འགོ་འཛིན་ནམ། བོད་མིའི་སློབ་གྲྭའི་སློབ་སྤྱི་སུ་རུང་གི་དག་མཆན་ལས་དམ་འཁོད་དགོས་པ་བཅས། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༥ ལ།།
The Secretary
Department of Education, CTA
Gangchen Kyishong
Dharamsala – 176215, Distt. Kangra H.P. India
Email: [email protected]