༢༠༡༤ ཟླ་ ༨ ཚེས་ ༢༢ རེས་གཟའ་པ་སངས།
༄༅། །ལྡི་ལི་སྐུ་ཚབ་དོན་གཅོད་བརྒྱུད་སྐུ་ཞབས་ (Prof. Deepak Mukhi, Programme Director, The Oxford Programme for Undergraduate Studies, UK) ལགས་ནས་ཨིན་ཡུལ་ཨོག་སི་ཕོཌ་ (OXFORD University) ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་ཟླ་གསུམ་རིང་དུས་ཐུང་སློབ་སྦྱོང་ཆེད་སློབ་ཡོན་གྲངས་གཅིག་གནང་རྒྱུའི་ཞལ་བཞེས་བྱུང་ཡོད། འོན་ཀྱང་ཕར་ཕྱིར་གནམ་གླ་དང་། ལག་དངུལ་སོགས་འགྲོ་གྲོན་ཁག་རང་ངོས་ནས་གཏོང་དགོས། སློབ་ཡོན་འདི་བརྒྱུད་སོ་སོའི་ཤེས་ཚད་དང་ཁྱད་མཁས་དེ་བཞིན་མཐོང་རྒྱ་ཐོས་རྒྱ་སོགས་གོང་འཕེལ་གཏོང་བའི་གོ་སྐབས་བཟང་པོ་ཞིག་ལ་སོང་བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་བོད་རིགས་སློབ་དགེ་རྣམས་ལ་དམིགས་བསལ་ཟུར་འཇོག་ཞུ་རྒྱུ་ཡིན། གོང་གསལ་སློབ་ཡོན་གྱི་སློབ་ཚན་ཁག་ www.oxfordprogram.com དྲ་ཚིག་ནང་འདེམས་སྒྲུག་གནང་འཐུས་ཀྱང་དགེ་རྒན་གྱི་ཁྱད་མཁས་དང་ཤེས་ཚད་དང་འབྲེལ་ཆགས་སློབ་གཉེར་གནང་མཁན་རིགས་ལ་ངག་རྒྱུགས་སྐབས་དམིགས་བསལ་བརྒྱ་ཆ་འབུལ་རྒྱུ། བཞུགས་བློ་ཡོད་རིགས་དགེ་རྒན་རྣམས་ཉུང་མཐའ་རྒྱ་གར་མཐོ་སློབ་གཅིག་ནས་ཉེ་བའི་གཙུག་ལག་རབ་འབྱམས་ཐོན་ཐོག་གཤམ་གསལ་ཆ་རྐྱེན་དང་དགོས་མཁོའི་ཡིག་ཆ་གཞན་གྱི་ངོ་བཤུས་སྟེང་ས་གནས་འགོ་འཛིན་ནམ། ཟུང་དྲུང་གནས་རིམ་ཡན་གྱི་སྲི་ཞུ་བ། ཡང་ན་སློབ་གྲྭའི་སློབ་སྤྱིའི་དག་མཆན་འཁོད་པའི་འཚང་སྙན་ཁག་ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢༠ འགྱངས་མེད་འདི་ག་ཤེས་རིག་ལས་ཁུངས་སུ་འབུལ་ཟིན་པ་དགོས་རྒྱུ།
༡། དོ་བདག་སོ་སོའི་མིང་དང་ལོ་རྒྱུས་ Curriculum Vitae (CV) ཞིག་འབུལ་གནང་དགོས་རྒྱུ།
༢། འབྲེལ་ཆགས་སློབ་གྲྭའི་འཛིན་སྐྱོང་ནས་དགག་ཆ་མེད་པའི་ངོས་སྦྱོར་ངོ་མ།
༣། དྭང་བླངས་དཔྱ་ཁྲལ་ ༢༠༡༣ ཟླ་ ༡༢ བར་གཙང་ཕུལ་ཟིན་པའི་ངོ་བཤུས།
༤། རྒྱ་གར་སྐྱབས་བཅོལ་ལག་དེབ་ཐོག་ཁྲིམས་མཐུན་དུས་འགྱངས་བཀའ་འཁྲོལ་ཞུས་པའི་ངོ་བཤུས།
༥། ཉུང་མཐའ་ཉེ་བའི་གཙུག་ལག་རབ་འབྱམས་པའི་ལག་འཁྱེར་(degree)ངོ་བཤུས།
༦། ཕྱིར་བསྐྱོད་ལག་འཁྱེར་སེར་པོའི་ (IC)ངོ་བཤུས་བཅས།
ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༢༡ ལ།།
SECRETARY
Department of Education CTA
Gangchen Kyishong
Distt. Kangra
Dharamsala – 176 215
Himachal Pradesh
Ph: 01892 – 226695, 222572, 22272 Fax: 01892- 223481
Email: [email protected]
Website: www.tcewf.org or www.sherig.org/tb