༢༠༡༤ ཟླ་ ༨ ཚེས་ ༧ རེས་གཟའ་ཕུར་བུ།
༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༧ ཉིན་བཏང་གནས་ནང་འཁོད་དོན། བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ས་གནས་ཁྲིམས་ཞིབ་པ་རྣམ་རྒྱལ་ཚེ་སྐྱིད་ལགས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༢༩ རེས་གཟའ་མིག་དམར་ཉིན་ས་ཊོན་ཁམས་ཀཿཐོག་ས་འཐུས་སྐབས་དྲུག་པའི་འདེམས་ཐོན་ཚོགས་མི་བདུན་དང་། ཚོགས་གཙོ་ཚོགས་གཞོན་གྱི་ལས་ཁུར་དམ་བཅའ་འབུལ་
ལེན་ལེགས་གྲུབ་བྱུང་ཡོད་པ་དང་། ཟླ་ ༨ ཚེས་ ༣ རེས་གཟའ་ཉི་མ་ཉིན་བདེ་སྐྱིད་གླིང་ས་འཐུས་སྐབས་བརྒྱད་པའི་འདེམས་ཐོན་ཚོགས་མི་བཅུ་དྲུག་དང་། ཚོགས་གཙོ་ཚོགས་གཞོན་གྱི་ལས་ཁུར་དམ་བཅའ་འབུལ་ལེན་གྱི་གནང་སྒོ་ལེགས་གྲུབ་བྱུང་འདུག