༢༠༡༤ ཟླ་ ༨ ཚེས་ ༢༥ རེས་གཟའ་ཟླ་བ།
༄༅། །བཙན་བྱོལ་བོད་མིའི་བོད་ཀྱི་གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་སུ་ལས་དྲུང་དང་དངུལ་གཉེར་ཅིག་ལྕོགས་ལས་བྱེད་གཅིག་དང་ཡིག་གད་གཅིག་ལྕོགས་ཀྱི་ལས་བྱེད་གླ་པ་གཅིག་གི་ས་མིག་སྟོང་པ་ཡོད་པས། གཤམ་གསལ་ས་མིག་སོ་སོའི་ཆ་རྐྱེན་ཚང་ཞིང་འཛུལ་ཞུགས་གནང་འདོད་ཡོད་པ་རྣམས་ནས་ཕྱི་ལོ་༢༠༡༤ ཟླ་༩ ཚེས་༣༠ ཕྱི་དྲོའི་ཆུ་ཚོད་ལྔ་པ་འགྱངས་མེད་སྨན་ལྷན་ཡིག་ཚང་དུ་ཞུ་སྙན་གནང་འབྱོར་དགོས་པ་དེ་དོན་གསལ་བསྒྲགས་ཞུ།
༡། ལས་དྲུང་དང་དངུལ་གཉེར་ཅིག་ལྕོགས།
ཀ། ཤེས་ཚད། ་་་་་་ ཉུང་མཐར་གཙུག་ལག་སློབ་ཐོན་ལག་འཁྱེར་ (Bachelor Degree) ཡོད་པ་དང་། ཀམ་པུ་ཊར་སློབ་སྦྱོང་ཉམས་མྱོང་ཡོད་པ།
ཁ། ཚུད་རྒྱུགས།་་་་་ གཙུག་ལག་སློབ་ཐོན་གྱི་ཤེས་ཚད་དང་མཉམ་པའི་བོད་དབྱིན་བྲིས་རྒྱུགས་༢༠༡༤
ཟླ་༡༠ ཚེས་༦ ཉིན་གཏོང་རྒྱུ་དང་སྤྱི་བཏང་ངག་རྕད་དྲི་རྒྱུགས་དེ་༢༠༡༤ ཟླ་༡༠ ཚེས་༧ སྔ་དྲོ་གཏོང་རྒྱུ།
ག གསོལ་ཕོགས་དང་ཐོབ་ཐང།་་་་་་་་་་་་རྩ་ཕོགས་ཧིན་སྒོར། ༨༠༠༠།༠༠ སྟེང་ཉིན་རེའི་ལྟོ་དོད་ (D.A.) དང་ཁང་གླའི་དོད་ལྷན་ཚོགས་ཀྱི་སྒྲིག་གསལ་ལྟར་གནང་རྒྱུ།
ང། ཡིག་ཆའི་ཆ་རྐྱེན།
༡། གཙུག་ལག་སློབ་ཐོན་ལག་འཁྱེར་(Bachelor Degree)ངོ་བཤུས།
༢། རྒྱ་གར་དུ་གནས་སྡོད་ཆོག་པའི་ཡིག་ཆའི་(R.C)འདྲ་བཤུས།
༣། དཔྱ་ཁྲལ་ལག་དེབ་(Green Book) ཀྱི་འདྲ་བཤུས།
༤། གཟུགས་པོ་བདེ་ཐང་ཡིན་པ་ཚད་ལྡན་སྨན་པའི་ངོ་སྦྱོར།
༥། གལ་ཏེ་ཚོགས་པ་གཞན་ནང་ཕྱག་ལས་གནང་བཞིན་པ་ཡིན་ན་ཚོགས་པ་དེ་ནས་དགག་ཆ་མེད་པའི་ཡེ་གེ་བཅས་གོང་གསལ་ཡིག་ཆའི་ཆ་རྐྱེན་རྣམས་ས་གནས་འགོ་འཛིན་ནམ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་འཕར་ཡན་གྱི་གནས་རིམ་ཡིན་པའི་གཞུང་ཞབས་པས་དག་མཆན་བཀོད་དགོས།
ཆ། འཛུལ་ཞུགས་པ་རྣམས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ལ་གཞིགས་ནས་ལས་བྱེད་འདེམས་བསྐོ་གནང་རྒྱུ་དང་དེའང་ཐོག་མར་ལོ་གཅིག་གི་རིང་ཆོད་གན་ཐོག་བསྐོ་གཞག་དང་དེ་རྗེས་གནས་སྟངས་ལ་གཞིགས་ནས་ལོ་རེར་འཕར་འགྱངས་གནང་རྒྱུ།
༢། ཡིག་སྐྱེལ་དང་གད་པ་གཅིག་ལྕོགས།
ཀ། ཤེས་ཚད། ་་་་་་ བོད་ཡིག་དང་དབྱིན་ཇི་བྲིས་ཀློག་ཤེས་པ།
ཁ། ཡིག་རྒྱུགས།་་་་་་་་་འབྲི་རྒྱུགས་དམིགས་བསལ་མེད་ཀྱང་ངག་རྩད་དྲི་ཞིབ་(Interview) ལེན་རྒྱུ།
ག བསྐོ་གཞག་ངོ་བོ།
་་་་་་་་་ གླ་པ།
ང། གསོལ་ཕོགས།་་་་་་་་ཉིན་རེར་ལས་དོད་གླ་ཕོགས་ཧིན་སྒོར་༢༨༠ ཐམ་པ།
ཅ། ཡིག་ཆ་མཉམ་སྦྱར།་་་་་་་་་་རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་འཁྱེར་(R.C.) དང་དཔྱ་ཁྲལ་ལག་དེབ་ (Green Book) འདྲ་བཤུས།
གོང་གསལ་ས་མིག་ཐོག་ཚུད་པ་རྣམས་ནས་ཕྱི་ལོ་༢༠༡༤ ཟླ་༡༡ ཚེས་༡ ནས་ཕྱག་ལས་དངོས་གཞི་འགོ་འཛུགས་གནང་དགོས་པ་ཡིན། ཞིབ་ཕྲའི་གནས་ཚུལ་ཆེད་གཤམ་གསལ་ཁ་བྱང་ཐོག་འབྲེལ་བ་གནང་རོགས་ཞུ།
ཆེས་མཐོའི་སྨན་པའི་ལྷན་ཚོགས་ཀྱི་ཡིག་ཚང་ནས་ཕྱི་ལོ་ ༢༠༡༤ ཟླ་༨ ཚེས་༢༢ ལ།།
ཁ་བྱང་།
Executive Secretary
Central Council of Tibetan Medicine
Gangchen Kyishong, Dharamsala – 176215
Distt Kangra, Himachal Pradesh
India
Telephone: 91- 1892-23483/226462 E-Mail: [email protected] or [email protected]