༢༠༡༤ ཟླ་ ༨ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༡༡ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༢༧ ཉིན་ནང་སྲིད་དྲུང་འཕར་འཆི་མེད་རིག་འཛིན་ལགས་དང་། ཟུང་དྲུང་དཔལ་ལྡན་དོན་གྲུབ་ལགས་རྣམ་གཉིས་བརྒྱུད་ཕ་རན་སི་བོད་རིགས་སྤྱི་མཐུན་ཚོགས་པའི་སྐུ་ཚབ་སྐུ་ཞབས་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་ལ་དྭགས་ས་གནས་གཞིས་མི་རྣམས་ལ་སྤུན་སྲིང་གཞིས་ཆགས་གསར་འཛུགས་ཀྱི་ལས་གཞི་ངོ་སྤྲོད་དང་། དེ་བཞིན་ཕ་རན་སི་བོད་རིགས་སྤྱི་མཐུན་ཚོགས་པའི་སྐུ་ཚབ་ལ་འཚམས་འདྲི་དང་ཕེབས་བསུ་ཞུས་རྗེས་མི་མང་ཚོགས་ཆེན་གཟབ་རྒྱས་གྲུབ་པ་དང་སྦྲགས་དྲུང་འཕར་འཆི་མེད་རིག་འཛིན་ལགས་དང་ཟུང་དྲུང་དཔལ་ལྡན་དོན་གྲུབ་ལགས་རྣམ་གཉིས་དབུ་བཞུགས་ཐོག་ལས་གཞིའི་རྒྱུན་ལས་འདེམས་ཐོན་བྱུང་བ་གཤམ་གསལ། ༡། གཞིས་སྤྱི་དོན་གྲུབ་བཀྲ་ཤིས་ལགས་དང་། ༢། ས་འཐུས་ཚོགས་གཙོ་དོན་གྲུབ་ཚེ་རིང་ལགས། ༣། བོད་ཁྱིམ་༼མཚན་གཏན་འཁེལ་མེད།༽ ༤། སྨན་ཁང་འགན་འཛིན་ཀརྨ་དགེ་འདུན་ལགས། ༥། ཆོས་རིག་ཚོགས་གཙོ་རྟ་མགྲིན་ཆོས་དར་ལགས། ༦། བརྒྱ་ཤོག་འཐུས་མི་ཀརྨ་རྒྱ་མཚོ་ལགས། ༧། བརྒྱ་ཤོག་འཐུས་མི་ངག་དབང་ཚེ་དཔག་ལགས། ༨། བྱང་ཐང་འཐུས་མི་ ༼མཚན་གཏན་འཁེལ་མེད།༽ ༩། མཉམ་འབྲེལ་འཐུས་མི། དབང་འཕྲིན་ལས་ལགས་རྣམས་རྒྱུན་ལས་སུ་གསར་འདེམས་བྱུང་འདུག
ལ་དྭགས་སྤུན་སྲིང་གཞིས་ཆགས་ཀྱི་རྒྱུན་ལས་གསར་འདེམས།
གསར་གནས།

འབྲེལ་གནས།
