༢༠༡༤ ཟླ་ ༨ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །འདི་གར་ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༡༩ ཉིན་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ཚེས་ ༡༣ ཉིན་ནག་པུར་ (Nagpur) ས་གནས་སུ་རྒྱ་གར་རྒྱལ་ཡོངས་དང་ཞབས་ཚོགས་པ་ཨར་ཨེ་སི་ཨེ་སི་ (RSS)བུད་མེད་སྡེ་ཚན་ནས་གོ་སྒྲིག་འོག་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་རྒྱ་གར་རྒྱལ་ཡོངས་དང་ཞབས་ཚོགས་པ་ཨར་ཨེ་སི་ཨེ་སི་སྤྱི་ཁྱབ་སྐུ་ཞབས་མོ་ཧན་བྷག་ཝཏ་(Shri Mohanji Bhagawat Ji) མཆོག་ལ་རྒྱ་གར་གྱི་ལམ་ལུགས་ལྟར་ཁོང་ལ་སྤུན་མཆེད་དུས་སྟོན་ (RAKSHA BANDHAN) ཉིན་མོ་དང་བསྟུན་སྤུན་མཆེད་ཀྱི་སྐུད་པ་ (Rakhi) བཅིངས་ཡོད། སྐབས་དེར་སྦན་དྷ་ར་ས་གནས་འགོ་འཛིན་ཡང་ལྷན་བཅར་ཞུས་ཡོད།
སྐབས་དེར་སྐུ་ཞབས་མོ་ཧན་བྷག་ཝཏ་མཆོག་གིས་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས། དེ་བཞིན་བོད་མི་ཡོངས་ལ་འཚམས་འདྲི་དང་དགའ་བསུ་ཞུས་འདུག བཀའ་བློན་མཆོག་གིས་ཁོང་དང་ཨར་ཨེ་སི་ཨེ་སི་ཚོགས་མི་གཞན་རྣམས་ལ་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་བོད་མིའི་སྒྲིག་འཛུགས་ངོས་ནས་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུས་འདུག