༄༅། །བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ན་གཞོན་རོགས་སྐྱོར་ཚན་པའི་ལས་གཞིའི་འོག་རྡ་ས་མེག་གྷན་དུ་སྤྱི་ཁྱབ་མདུན་ལམ་སློབ་སྟོན་དང་ལས་འཚོལ་འགན་ཁུར་བ་ཞིག་དང་། གློག་ཀླད་དགེ་རྒན་གི་ས་མིག་བཅས་ས་མིག་གཉིས་ཡོད་པ་བཞིན། གླ་ཕོགས་གཞུང་ཞབས་དྲུང་ལས་དང་ལས་དོའི་གནས་རིམ་ཚད་མཉམ་ཐོག་ ༢༠༡༤།༨།༡ ནས་ལོ་གཅིག་རིང་ཆོད་གན་བསྐོ་གཞག་བྱ་རྒྱུ་དང་། གོང་གསལ་ལས་འགན་ཐོག་ཞུགས་བློ་ཡོད་རིགས་ནས་གཤམ་གསལ་དགོས་ངེས་ཆ་རྐྱེན་ལྡན་པའི་ཐོག་རང་ཉིད་ཀྱི་ཞུ་སྙན་དང་། སྡོད་གནས་ཁ་བྱང་། ཡང་ན་ཨི་མེལ་དང་ཁ་དཔར་ཨང་གྲངས་བཅས་ཁ་གསལ་འཁོད་པའི་འཚང་སྙན་ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༢༥ འགྱངས་མེད་གཤམ་གསལ་ཁ་བྱང་ཐོག་འབུལ་འབྱོར་ཐུབ་པ་དགོས་རྒྱུ་དང་། གོང་གསལ་ལས་འགན་དང་འབྲེལ་བའི་ཆེད་ལས་སློབ་ཐོན་དང་ཉམས་མྱོང་ཡོད་རིགས་ལ་དམིགས་བསལ་གོ་སྐབས་ཕུལ་རྒྱུ་ཡིན། གོང་གསལ་དུས་བཀག་རྗེས་འཚང་སྙན་འབུལ་འབྱོར་རིགས་ལ་ངོས་བཞེས་གནང་རྒྱུ་མིན་པ་བཅས་ཀྱི་གསལ་བསྒྲགས་སུ།
ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༡༥ ལ་
ཕུལ།།
དགོས་ངེས་ཆ་རྐྱེན།
༡། ཤེས་ཚད་ལག་འཁྱེར་ངོ་བཤུས།
༢། དོ་བདག་གི་དཔྱ་ཁྲལ་ལག་དེབ་ ༢༠༡༤ བར་ཆ་ཚང་གཙང་འབུལ་ཟིན་པའི་ཤོག་གྲངས་དང་པོ་དང་མཐའ་
མའི་ངོ་བཤུས།
༣། གནས་ཡུལ་རྒྱ་གར་ནང་ཁྲིམས་མཐུན་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་ཀྱི་ངོ་བཤུས།
༤། གོང་འཁོད་ངོ་བཤུས་ཡིག་ཆའི་སྟེང་ས་གནས་འགོ་འཛིན་ནམ་གཞུང་ཞབས་ཟུང་དྲུང་ཡན་ནས་དག་མཆན་ཞུ་དགོས།
༥། གལ་སྲིད་ད་ལྟ་སྤྱི་སྒེར་སྡེ་ཚན་གང་རུང་ནང་ལས་ཀ་བྱེད་མུས་རིགས་ཡིན་ཚེ་སྡེ་ཚན་དེའི་འགན་འཛིན་ནས་འགག་ཆ་མེད་པའི་ངོས་སྦྱོར་ཡོད་དགོས།
འབྲེལ་བ་བྱ་ཡུལ་ཁ་བྱང་།
Secretary
Department of Home
Central Tibetan Administration
Gangchen Kyishong
DHARAMSALA-176215.
H.P-
Ph : 01892-222214, 222412 E-mail : [email protected]