༢༠༡༤ ཟླ་ ༧ ཚེས་ ༡༦ རེས་གཟའ་ལྷག་པ།
༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཨ་རི་ཡུ་ཊ་མངའ་སྡེའི་ཁོངས་ཝ་ས་ཅི་སློབ་ཁང་ (Wasatch Academy, Utah, US) ཞེས་པའི་སྙན་གྲགས་ཅན་གྱི་འབྲིང་རིམ་གཏན་སློབ་ནས་གནས་ཚུལ་འབྱོར་གསལ་ལྟར་འཛིན་རིམ་བརྒྱད་པ་ཐོན་མཁན་རང་རིགས་བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་བོུ་གཅིག་དང་བུ་གཅིག་བཅས་སློབ་མ་གཉིས་སློབ་བཞེས་གནང་རྒྱུའི་ཞལ་བཞེས་བྱུང་བར། དབུས་བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་སློབ་གྲྭ་ཁག་ནས་ཕྱི་ལོ་ ༢༠༡༤ ལོར་འཛིན་རིམ་བརྒྱད་པ་ཐོན་པའི་ཐོག་ཉུང་མཐར་བརྒྱ་ཆ་ (A1, A2 & B1) ལོན་པའི་སློབ་ཕྲུག་རྣམས་ནས་འཚང་རྒྱུགས་ནང་ཞུགས་ཆོག་རྒྱུ།
ཤེས་རིག་ལས་ཁུངས་ནས་གོང་གསལ་ས་མིག་ཆེད་བོད་ཡིག་དང་ཨིན་ཇི། ཨང་རྩིས་བཅས་ཀྱི་འབྲི་རྒྱུགས་གཏོང་རྒྱུར་ཐག་ཉེ་འབྲེལ་མཚུངས་ས་གནས་སློབ་གྲྭ་ཞིག་ནང་༼དོ་བདག་སོ་སོར་འབྲི་རྒྱུགས་གཏོང་ཡུལ་རྗེས་སུ་གསལ་ཁ་ཡོང་རྒྱུ།༽ ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༢ ཉིན་གཏན་འཁེལ་ཡོད་པ་དང་ཕྱོགས་བསྡོམས་བརྒྱ་ཆ་རྩེ་བཏོག་གིས་བོུ ་༥ དང་བུ་ ༥ བསྡོམས་སློབ་མ་གྲངས་ ༡༠ རྡ་སར་ཆེད་འབོད་ཀྱིས་བོད་ཨིན་གཉིས་ཀྱི་ངག་རྒྱུགས་ལམ་ནས་ ༢༠༡༤ ཟླ་ ༡༡ བདུན་དང་པོའི་ནང་མཐའ་མའི་འདེམས་སྒྲུག་བྱ་རྒྱུ། ཞུགས་བློ་ཡོད་རིགས་ནས་གཤམ་གསལ་དགོས་མཁོའི་ཆ་རྐྱེན་ངོ་བཤུས་སྟེང་ས་གནས་འགོ་འཛིན་ནམ་སྲི་ཞུ་ལས་བྱེད་ཟུང་དྲུང་དང་དེ་ཡན་གྱི་ལས་བྱེད་ནས་དག་མཆན་འཁོད་ཏེ་ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༣༠ འགྱངས་མེད་འདི་གར་སྙན་ཞུ་འབུལ་འབྱོར་ཐུབ་པ་དགོས་རྒྱུ་བཅས་ཤེས་རིག་ལས་ནས་ ༢༠༡༤ ཟླ་ ༧ ཚེས་ ༡༤ ལ།
ཀ༽ དགོས་ངེས་ཡིག་ཆ་ཁག
༡༽ འཛིན་རིམ་བརྒྱད་པའི་ཡིག་རྒྱུགས་གྲུབ་འབྲས་ཨང་ཤོག (Marks Card) གི་ངོ་བཤུས་འབུལ་དགོས་རྒྱུ།
༢༽ གོང་གསལ་མཐོ་སློབ་ནས་རང་ལོ་བཅོ་ལྔ་མ་བརྒལ་བ་ཞིག་ཡིན་དགོས་པའི་ལོ་ཚད་ཆ་རྐྱེན་གཏན་འབེབས་ཡོད་པར་
བརྟེན། ཕྱི་ལོ་ ༢༠༠༠ ཟླ་ ༩ ཚེས་ ༡ རྗེས་སུ་སྐྱེས་པ་ཞིག་ཡིན་དགོས། སློབ་ཕྲུག་གི་སྐྱེས་ལོ་སྐྱེས་ཚེས་ཁུངས་སྐྱེལ་ཡིག་ཆ་ (Birth Certificate) མཉམ་འབུལ་དགོས་རྒྱུ།
༣༽ དོ་བདག་དང་ཕ་མའི་རྒྱལ་དོན་དཔྱ་དངུལ་ཉུང་མཐར་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༣༡ བར་གཙང་ཕུལ་ཟིན་
པའི་ས་གནས་རང་བདེན་ཚོགས་ཆུང་ནས་བདེན་དཔང་མཚན་རྟགས་ཞུས་པ་འབུལ་དགོས།
༤༽ རང་གི་ཕ་མ་བོད་ནང་ཡོད་པའམ། ཁ་བྲལ་བ། ཡང་ན་འདས་གྲོངས་སོང་བ་ཡིན་ཚེ་འབྲེལ་ཆགས་ས་གནས་འགོ་
འཛིན་ནམ། ཤེས་རིག་ཁྱབ་ཁོངས་ཉུང་མཐར་འཛིན་རིམ་བཅུ་པ་ཡོད་པའི་སློབ་གྲྭའི་སློབ་སྤྱིའམ་རེག་ཊར་གང་རུང་
ནས་ངོས་སྦྱོར་འབུལ་དགོས།
ཁ༽ གོང་གསལ་སློབ་ཡོན་ཆེད་དམིགས་བསལ་ཐུགས་སྣང་དགོས་གལ་ཁག
༡) སློབ་གྲྭ་ནས་སློབ་ཡོན་ཁོངས་ (Tuition fees, Room & Board) བཅས་མཐུན་འགྱུར་གནང་རྒྱུ་ཡང་། ཕར་ཕྱིན་གནམ་གླ་སོགས་འགྲོ་གྲོན་གཞན་ཆ་ཚང་སློབ་ཕྲུག་རང་ཉིད་ནས་བསྒྲུབ་དགོས།
༢) ཕྱི་ལོ་ ༢༠༡༥ ཟླ་ ༨ པའི་ནང་སློབ་བཅར་དགོས་པར་བརྟེན། ཕྱིར་བསྐྱོད་ལག་དེབ་སེར་པོ་ (IC) དུས་ཐོག་ཐོན་ཐབས་དོ་བདག་སོ་སོ་ནས་འགན་འཁུར་དགོས།
༣) ཚུད་རྒྱུགས་སྐབས་ཀྱི་འགྲོ་གྲོན་ཆ་ཚང་སློབ་ཕྲུག་རང་ངོས་ནས་བསྒྲུབ་དགོས།
༤) འཚང་སྙན་དུས་ཐོག་མ་འབྱོར་བ་དང་། ཆ་རྐྱེན་མ་ཚང་བའི་རིགས་ལ་ངོས་བཞེས་གནང་རྒྱུ་མིན།
༥) འདི་ནས་དོ་བདག་སོ་སོར་དུས་ཐོག་གནས་འབྲེལ་ཐུབ་རྒྱུའི་སླད་ཞུ་སྙན་ནང་གནས་འབྲེལ་བྱ་ཡུལ་ཁ་བྱང་དང་། ཨི་མེལ། ཁ་པར་ཨང་གྲངས་སོགས་ཁ་གསལ་འགོད་དགོས། དྭོགས་འདྲི་གནང་དགོས་རིགས་གཤམ་གསལ་ཁ་བྱང་དང་ཞལ་པར་ཐོག་འབྲེལ་བ་གནང་འཐུས།
SECRETARY
Department of Education CTA
Gangchen Kyishong
Dharamsala – 176 215
Dist. Kangra
Himachal Pradesh
Ph: 01892-226695, 222572, 222721
Fax: 01892-223481
Email: [email protected]
Website: www.sherig.org