༢༠༡༤ ཟླ་ ༧ ཚེས་ ༡ རེས་གཟའ་མིག་དམར།
༄༅། །དཔལ་ལྡན་བཀའ་ཤག་གིས་བཀའ་འབྲེལ་ལྟར། བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༤ ནས་ཚེས་ ༧ བར་ལ་དྭགས་སུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༣ སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༩ ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོར་བཀའ་ཤག་གི་སྐུ་ཚབ་ཐོག་ངོ་བཅར་ཞུ་རྒྱུ་ཡིན་འདུག
དེ་ཡང་ཕྱི་ཚེས་ ༤ ཉིན་ཆོས་རིག་བཀའ་བློན་མཆོག་རྡ་ས་ནས་ཇཱ་མུར་ཕེབས་ཐོན་གྱིས་ཇཱ་མུ་ནས་མཁའ་ལམ་བརྒྱུད་སླེ་རུ་ཕེབས་འབྱོར་དང་། ཕྱི་ཚེས་ ༥ ཉིན་བླ་སྤྲུལ་རྣམ་པ་དང་མཇལ་འཕྲད་གནང་རྒྱུ། ཕྱི་ཚེས་ ༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༩ ཕེབས་པའི་སྐུའི་འཁྲུངས་སྐར་མཛད་སྒོར་ངོ་བཅར་ཞུ་རྒྱུ། ཕྱི་ཚེས་ ༧ ཉིན་སླེ་ནས་ཇཱ་མུར་མཁའ་ལམ་བརྒྱུད་ཕེབས་ཐོན་གྱིས་ཇཱ་མུ་ནས་རྡ་སར་ཕེབས་ འབྱོར་གནང་རྒྱུ་ཡིན་འདུག