༢༠༡༤ ཟླ་ ༧ ཚེས་ ༡༠ རེས་གཟའ་ཕུར་བུ།
༄༅། །རྡོར་གླིང་ས་གནས་འགོ་འཛིན་ལས་ཁང་ནས་བཏང་གནས་ནང་འཁོད་དོན། བོད་རྒྱལ་ལོ ༢༡༤༡ བོད་ཟླ ༥ ཚེས ༥ ཉིན་བོད་ལུགས་ལྟར༸གོང་ས་མཆོག་དགུང་གྲངས ༨༠ དང་། ཕྱི་ལུགས་ལྟར་ཕྱི་ལོ ༢༠༡༤ ཕྱི་ཟླ ༧ ཕྱི་ཚེས ༦ ཉིན་དགུང་གྲངས ༧༩ ཕེབས་པའི་འཁྲུངས་ཚེས་ཉིན་རྡོར་གླིང་ས་གནས་འགོ་འཛིན་ཁྱབ་ཁོངས་བོད་བརྒྱུད་ནང་པའི་དགོན་སྡེ་ཁག་གི་བླ་སྤྲུལ་དགེ་འདུན་རྣམས་དང་། གཏན་ཉིན་སློབ་གྲྭ་ཁག་གི་དགེ་ལས་སློབ་ཕྲུག རྒྱ་ཆེའི་མང་ཚོགས་རྣམས་ནས་མ་བསྐུལ་དང་བླངས་ཀྱིས༸གོང་ས་མཆོག་གི་འཁྲུངས་སྐར་དུས་ཆེན་དང་སྟབས་བསྟུན་མགོན་པོ་གང་ཉིད་མཆོག་སྐུ་ཚེ་ཡུན་ནས་ཡུན་དུ་བརྟན་ཕྱིར་
ཚེ་ཐར་ཞལ་འདེབས་གནང་བ་གཤམ་གསལ།
༡་ མི་རིགས་འབོ་དཀར་དགོན་པའི་མཁན་བླ་དགེ་འདུན་དང་ས་གནས་བོད་རིགས་ནས་སྒོར ༦༦༣༡།༠༠
༢་ རྡོར་གླིང་བོད་མིའི་གཏན་སློབ་ཀྱི་དགེ་ལས་སློབ་ཕྲུག་རྣམས་ནས་སྒོར ༨༠༢༠།༠༠
༣་ སྤོག་རེ་སྤུང་སམ་བྷོ་ཊ་སློབ་གྲྭའི་དགེ་ལས་སློབ་ཕྲུག་ནས་སྒོར ༢༩༨༢།༠༠
༤་ རྡོར་གླིང་ཅོའོ་ར་སེ་ཏ་ཁྲོམ་སའི་མི་མང་ནས་སྒོར ༤༤༦༣།༠༠
༥་ བྱ་བྲལ་དགོན་པའི་མཁན་བླ་དགེ་འདུན་ནས་སྒོར ༢༦༥༦༠།༠༠
༦་ སྒོམ་ས་སྐྱ་གུ་རུ་དགོན་པའི་མཁན་བླ་དགེ་འདུན་ནས་སྒོར ༢༤༢༠།༠༠
༧་ རྡོར་གླིང་སྒོམ་བོད་རིགས་མི་མང་ནས་སྒོར ༡༠༠༠༠།༠༠
༨་ རྡོར་གླིང་རང་འཚོ་བཟོ་གྲྭའི་མི་མང་ནས་སྒོར ༧༠༦༦།༠༠
༩་ རྡོར་གླིང་ཁྲོམ་གཞུང་བོད་རིགས་ནས་སྒོར ༥༠༥༧༢།༠༠
༡༠་ རྡོར་གླིང་འཇམ་དབྱངས་བོད་ཀྱི་རིག་གཞུང་ཤེས་འཛིན་ཁང་ནས་སྒོར ༣༨༢༥།༠༠
༡༡་ ཚེ་ཐར་ཆེད་ཞལ་འདེབས་བྱུང་བ་བསྡོམས་སྒོར ༡༢༢༥༣༩།༠༠
གོང་གསལ་ལྟར་རྡོར་གླིང་ས་གནས་འགོ་འཛིན་ཁྱབ་ཁོངས་བོད་རིགས་སྐྱ་སེར་ཕོ་མོ་རྒན་གཞོན་བར་གསུམ་ནས་ཚེ་ཐར་ཞལ་འདེབས་བསྡོམས་ཧིན་སྒོར ༡༢༢༥༣༩།༠༠ ཐམ་པ་བསྡུ་བཞེས་ཀྱིས་གྲོང་ཁྱེར་ཤིས་རི་གུ་རི་ནས་གསེར་ཉ་དང་འདམ་ཉ་སོགས་ཉ་རིགས་མི་འདྲ་བ ༤༦༥༠ ཐམ་པ་དང་། ཨ་ཁུ་ནེ་ཙོ་སོགས་བྱ་དང་བྱིའུ་རིགས་ངོ་གྲངས ༦༥ ཐམ་པ་བླུ་ཉོ་བྱས་ནས་ཉ་རྣམས་བཀྲ་ཤིས་བྲག་གཙང་པོ་ནང་ཚེ་ཐར་དང་། བྱ་དང་བྱིའུ་རྣམས་ཤིས་རི་གུ་རིའི་ནགས་ཚལ་ནང་རང་དགར་ཚེ་ཐར་བཏང་བ་སོགས་ཀྱི་འགྲོ་སོང་གཤམ་གསལ་ལྟར་བྱས་འདུག
༡་ གསེར་ཉ་དང་། འདམ་ཉ་སོགས་ཉ་བསྡོམས ༥༣༠༤ ཐམ་པ་ཉོས་རིན་ཧིན་སྒོར ༡༠༤༠༨༠།༠༠
༢་ ནེ་ཙོ་སོགས་བྱ་དང་བྱིའུ་བསྡོམས ༦༥ ལ་ཧིན་སྒོར ༨༩༥༠།༠༠
༣་ ཉ་ཉོ་མཁན་མི་བཞི་ཕྱིན་པའི་འཁོར་གླ་བསྡོམས་ཧིན་སྒོར ༤༡༥༠།༠༠
༤་ ཉ་དབོར་འདྲེན་བྱེད་མཁན་གྱི་མི་དང་སྣུམ་འཁོར་གླས་རིན་སྒོར ༢༤༠༠།༠༠
༥་ ཉ་ཉོ་མཁན་མི་གྲངས་གསུམ་དང་ཁ་ལོ་བའི་ཞལ་ལག་བསྡོམས་སྒོར ༡༤༢༠།༠༠
༦་ འཁྲུངས་ཚེས་ཉིན་མཆོད་མེ་དང་བསང་བདུག་སོགས་ཉོས་པ་སྒོར ༢༠༠།༠༠
༧་ གོང་གསལ་ལྟར་ཚེ་ཐར་ཐོག་འགྲོ་སོང་བཏང་བ་བསྡོམས་ཧིན་སྒོར ༡༢༡༢༠༠།༠༠
གོང་གསལ་བྱུང་དང་སོང་གཉིས་བར་ཆད་སྒོར ༡༣༣༩།༠༠ ལྷག་པ་འཁྲུངས་སྐར་ཉིན་བསང་བདུག་དང་འབྲེལ་བའི་དུས་ཆེན་ཉིན་འགྲོ་སོང་ཆུང་ཚག་རིག་བཏང་ཡོད་པ་བཅས། རྡོར་གླིང་ས་གནས་འགོ་འཛིན་ལས་ཁང་ནས།