༢༠༡༤ ཟླ་ ༦་ཚེས་ ༢༧ རེས་གཟའ་པ་སངས།
༄༅། །དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སྡེ་ར་ལྡུན་མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭར་དགེ་རྒན་ལས་རོགས་གཅིག་གི་ས་སྟོང་ཡོད་ན། གཤམ་གསལ་ཆ་རྐྱེན་ཚང་ཐོག་ཞུགས་བློ་ཡོད་མཁན་རྣམས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༣༠ འགྱངས་མེད་འདི་གར་འཚང་སྙན་འབུལ་ཐུབ་པ་དགོས།
དགེ་རྒན་ལས་རོགས་གཅིག་གི་ཆ་རྐྱེན་ཚང་དགོས་ཁག
༡། འཛིན་གྲྭའི་ནང་སློབ་ཕྲུག་དབང་པོ་སྐྱོན་ཅན་ཚོར་ཆབ་གསང་སྒུག་རོགས་གཙོས་ཕྱག་རོགས་ཞུ་དགོས་ཁག་ཞུ་རྒྱུའི་ཆོད་སེམས་ཡོད་པ།
༢། ཉུང་མཐར་འཛིན་རིམ་བཅུ་པ་ཐོན་པའི་ལག་འཁྱེར་ཡོད་པ།
༣། དབང་པོ་སྐྱོན་ཅན་གྱི་ཕྲུ་གུ་རྣམས་ལ་བྱམས་བརྩེ་དང་ལྡན་པའི་ཐོག་ཞབས་ཞུའི་ཆོད་སེམས་ཡོད་པ།
༤། རྒྱལ་དོན་དཔྱ་དངུལ་དུས་འབུལ་ཞུ་བཞིན་པའི་ལག་དེབ་ཀྱི་འབྲེལ་ཆགས་ཤོག་གྲངས་སོ་སོའི་ངོ་བཤུས།
༥། གནས་ཡུལ་རྒྱལ་ཁབ་ནང་ཁྲིམས་མཐུན་སྡོད་ཆོག་པའི་ལག་དེབ་ཀྱི་འབྲེལ་ཆགས་ཤོག་གྲངས་སོ་སོའི་ངོ་བཤུས།
༦། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་སྨན་ཁང་ངམ་སྨན་རྩིས་ཁང་གང་རུང་ཞིག་ནས་ནད་མེད་ལས་འཕེར་ཡིན་པའི་སྨན་པའི་ ངོས་སྦྱོར།
༧། རང་ལོ་ ༤༥ ལས་མ་བརྒལ་བ། སྐྱེས་ཚེས་ལག་འཁྱེར་ཡོད་ན་དང་དེ་མིན་ཁུངས་སྐྱེལ་ཆེད་ཡིག་ཆ་གཞན་གྱི་ངོ་བཤུས།
༨། ཕྲུ་གུ་རང་ལོ་ ༥ མན་མཉམ་སྦྱར་མེད་པ་དགོས།
༩། ད་ལྟ་ལས་ཀ་བྱེད་མུས་ཡིན་ཚེ་འབྲེལ་ཡོད་ནས་དགག་བྱ་མེད་པའི་ངོས་སྦྱོར།
གོང་གསལ་ཡིག་ཆའི་ངོ་བཤུས་ཁག་དངོས་བདེན་ཡིན་པའི་ས་གནས་འགོ་འཛིན་ནམ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་གནས་རིམ་ཟུང་འབྲེལ་དྲུང་ཆེ་ཡན་ཞིག་གི་དག་མཆན་མཁོད་དགོས།
འཚང་སྙན་ནང་སོ་སོའི་ཁ་བྱང་དང་། ཁ་དཔར་ཨང་། མྱུར་འཕྲིན་དང་གློག་འཕྲིན་ཨང་སོགས་ཇི་ཡོད་ཁ་གསལ་བཀོད་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། སྡེ་ར་ལྡུན་མངོན་དགའ་བོད་ཕྲུག་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭའི་ལས་ཁང་ནས་ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༢༧ ལ།།
Director,
Ngoenga School for Tibetan Children with Special Needs
S.D.Road,P.O.Kulhan-248001
Distt.Dehradun,Uttarkhand
Email: [email protected]
Ph:(0135) 2607688,2607128