༢༠༡༤ ཟླ་ ༦ ཚེས་ ༢༤ རེས་གཟའ་མིག་དམར།
༄༅། །མཚུངས་མེད་ས་གནས་འོས་བསྡུའི་འགན་འཛིན་ལྷན་རྒྱས་མཆོག་གང་དེར།
ཆེད་ཞུ། ཇི་ལྟར་དགོངས་མངའ་བཞིན་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་མདོ་སྨད་སྤྱི་འཐུས་གཅིག་གི་བར་མའི་འོས་བསྡུ་དངོས་གཞི་ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༩ ཉིན་ལས་རིམ་མཇུག་བསྒྲིལ་ལེགས་གྲུབ་ཟིན་པ་ལྟར། འདི་ཚེས་ ༢༤ ཉིན་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་ཡོངས་ཁྱབ་གསར་འགོད་གསལ་བསྒྲགས་སྤེལ་བ་ལྟར་བལ་ཡུལ་གནས་སྡོད་བཀྲ་ཤིས་དོན་གྲུབ་ལགས་འོས་ཤོག་མང་རིམ་རྩེ་བཏོག་གིས་སྐབས་ ༡༥ པའི་མདོ་སྨད་སྤྱི་འཐུས་སུ་འདེམས་ཐོན་རྒྱལ་ཁ་ཐོབ་འདུག་ན། ས་གནས་སོ་སོའི་ཁྱབ་ཁོངས་དང་བཅས་པར་མདོ་སྨད་མི་མང་རྣམས་ལ་གསལ་བསྒྲགས་རྒྱ་གང་ཆེ་སྤེལ་ཕྱོགས་དགོས་རྒྱུ་ཞེས་ཕེབས་འདུག་པས་དེ་དོན་དགོངས་འཇགས་ཞུ། དབུས་འོས་བསྡུ་ལས་ཁང་ནས་ ༢༠༡༤ ཟླ་ ༦ ཚེས་ ༢༤ ལ།
ཕུལ།།