༢༠༡༤ ཟླ་ ༦ ཚེས་ ༢༦ རེས་གཟའ་ཕུར་བུ།
༄༅། །ལྡི་ལི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༡༦ ཉིན་བཙན་བྱོལ་བོད་མིའི་ཕྱི་སྐྱོད་ལག་འཁྱེར་རམ་དེབ་སེར་པོའི་ཚན་པར་ཐད་ཀར་ཁ་པར་མཐུད་ཐུབ་པའི་མཐུན་འགྱུར་གོ་སྒྲིག་གནང་བའི་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་འཁོད་དོན།
• ཕྱི་སྐྱོད་ལག་དེབ་སེར་པོའི་གནས་སྟངས་དྲྭ་རྒྱའི་ཐོག་རྟོགས་ཐུབ། http://tibetbureau.in/iccheck
• ལག་དེབ་སྡེ་ཚན་ཆེད་དུ་ཐད་ཀར་ཁ་པར་མཐུན་རྐྱེན་གསར་པ་སྦྱར་ཡོད་པ་ ༢༦༤༧༩༧༣༧་ འབྲེལ་བ་གནང་རོགས་ཞུ།
• ཁ་པར། ༢༦༤༣༩༧༤༥། ༢༦༢༡༨༥༤༨། ༢༦༢༡༨༥༤༦། དང་ ༢༦༤༧༤༧༨༩ དེ་སྔོན་ལྟར་འབྲེལ་བ་གནང་འཐུས།
• ཞོགས་པ་མི་མང་གི་དུས་ཚོད་ཡིན་གཤིས་ལས་བྲེལ་ཆེན་པོ་ཡོད་པ། ཁ་པར་ཉིན་རྒྱབ་ལ་གནང་ཪོགས་ཞུ།
• འདི་གར་ཕྱི་སྐྱོད་ལག་དེབ་ཐོན་ཡོད་པ་ཕོན་ཆེ་བཞེས་མཁན་མི་འདུག་ན། ཚང་མས་གང་མྱུར་བཞེས་ཐབས་ཞུ།
• ཕྱི་སྐྱོད་ལག་དེབ་བཞེས་སུ་ཕེབས་སྐབས་དེ་སྔོན་གྱི་བྱུང་འཛིན་ངོ་མ་མཉམ་དུ་་བསྣམ་དགོས།
• ངོ་ཚབ་ཡིན་ན་པར་ཡོད་ངོ་སྤྲོད་ཡིག་ཆ་དང་། དེ་མིན་ས་གནས་འགོ་འཛིན་གྱི་ངོས་སྦྱོར་དགོས་གལ།
• ཡིག་ཆར་དག་མཆན་དགོས་མཁོ་མཆི་རིགས་ནས། ཡིག་ཆ་ངོ་མ་མཉམ་འཁྱེར་དང་། དེ་མིན་ས་གནས་འགོ་འཛིན་གྱི་ངོས་སྦྱོར་མིག་སྟོན་དགོས་གལ།
• དོན་ཁང་དུ་ཕེབས་མཁན་ཚང་མས་ན་བཟའ་ཚུལ་ལྡན་བཞེས་རོགས་ཞུ་རྒྱུ་བཅས།།