༢༠༡༤ ཟླ་ ༥ ཚེས་ ༣ རེས་གཟའ་སྤེན་པ།
༄༅། །བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཞི་བཅུ་པ་ནང་གསལ་ལྟར་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པ་ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༢ རེས་གཟའ་པ་སངས་ནས་ཚེས་ ༢༤ རེས་གཟའ་ལྷག་པའི་བར་ལས་དུས་ཉིན་གྲངས་བཅུ་གཅིག་རིང་བཞུགས་སྒར་གངས་ཅན་སྐྱིད་གཤོངས་སྤྱི་ལྷན་གྲོས་ཚོགས་ཀྱི་ཚོགས་ཁང་དུ་ཚུགས་གཏན་འཁེལ་སོང་ན། ཚོགས་མི་རྣམས་དུས་ཐོག་ཚོགས་བཅར་ཐོག སྤྱི་འཐུས་རྣམ་པས་ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡༡ ཉིན་ཚོགས་དྲུང་ལས་ཁུངས་སུ་ངོ་བཅར་འབྱོར་ཐོ་འགོད་འབུལ་གནང་དགོས་བཅས་ཀྱི་ཚོགས་བརྡ་གསལ་བསྒྲགས་སུ།་ཚོགས་དྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢ ལ་
ཕུལ།།