༢༠༡༤ ཟླ་ ༥ ཚེས་་ ༢༧ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༢༧ ཉིན་བོད་ཀྱི་ཟློས་གར་ཡིག་ཚང་ནས་བྲོ་པ་གསར་འདེམས་གསལ་བསྒྲགས་བཏང་འབྱོར་བྱུང་བའི་ནང་འཁོད་དོན།
ཀ༽ བྲོ་པ་ ༢༤ ༼བུ་ ༡༢ དང་། བོུ་ ༡༢༽
ཁ༽ རོལ་ཆ་བ་ ༤ ༼ཕོ་མོ་ཁྱད་མེད།༽
ག༽ ལྷ་མོ་འཁྲབ་སྟོན་པ་ ༢ ༼ཕོ་མོ་ཁྱད་མེད།༽
འཚང་རྒྱུགས་ཆ་རྐྱེན།
༡། ལོ་ཚད། ༼བྲོ་པ་དང་། རོལ་ཆ་བ་རྣམས་རང་ལོ་ ༢༠ ལས་མ་བརྒལ་བ་དང་། ལྷ་མོ་འཁྲབ་སྟོན་པ་ཚོ་རང་ལོ་ ༢༥ ལས་མ་བརྒལ་བ།༽
༢། གཟུགས་པོ་མཐོ་ཚད། ༼བུ་ལ་ ༥་༥ དང་། བོུ་ལ་ ༥་༣༽
༣། མི་བབ་ལེགས་པོ་ཡོད་པ།
༤། ཤེས་ཚད། ༼བྲོ་པ་རྣམས་འཛིན་རིམ་ ༡༠ ཐོན་པའི་ལག་ཁྱེར་དགོས་པ་དང་། ལྷ་མོ་འཁྲབ་སྟོན་པ་དང་རོལ་ཆ་བ་རྣམས་བོད་ཡིག་འབྲི་ཀློག་ཤེས་ཐུབ་པ་དགོས།༽
༥། རོལ་ཆ་བར་འཚང་སྙན་འབུལ་མཁན་རྣམས་བོད་པའི་རོལ་ཆ་གཅིག་ཚད་ལྡན་གཏོང་ཤེས་དགོས།
༦། ལྷ་མོ་འཁྲབ་སྟོན་པར་འཚང་སྙན་འབུལ་མཁན་རྣམས་ནས་རྣམ་ཐར་ཚད་ལྡན་གཏོང་ཤེས་དགོས།
༧། དྭང་བླང་དཔྱ་དངུལ་གཙང་འབུལ་ཟིན་པའི་ངོ་བཤུས།
༨། སྐྱབས་བཅོལ་ལག་དེབ་ཀྱི་ངོ་བཤུས།
༩། གཟུགས་ཁམས་བདེ་ཐང་ཡོད་པའི་སྨན་པའི་ངོས་སྦྱོར།
ཐུགས་སྣང་།
༡། ལོ་གསུམ་རིང་རྐང་བྲོ་གླུ་གཞས་དང་ལྷ་མོ་བཅས་ཀྱི་སྦྱོང་བརྡར་སྤྲོད་རྒྱུ།
༢། ལོ་གསུམ་རིང་གི་ཟབ་སྦྱོང་གྲུབ་མཚམས་རྒྱུགས་སྤྲོད་ཀྱི་ལམ་ནས་ཟློས་གར་གྱི་ཚོགས་མིའམ་འཁྲབ་སྟོན་པར་འདེམས་སྒྲུག་བྱ་རྒྱུ།
༣། ཟློས་གར་ཟབ་སྦྱོང་བ་སོ་སོས་ཟླ་རེའི་ལྟོ་དོད་སྒོར་ ༡༥༠༠ རེ་གནང་དགོས་རྒྱུ།
༤། ལོ་གསུམ་སྦྱོང་བརྡར་སྐབས་རོལ་ཆ་སོ་སོས་སྤུས་གཟིགས་གནང་རྒྱུ།
༥། ལོ་གསུམ་སྦྱོང་བརྡར་སྐབས་སྨན་བཅོས་འགྲོ་གྲོན་སོ་སོས་གཏོང་རྒྱུ།
༦། ཤེས་ཚད་ལག་ཁྱེར་མཚོན་པས་དགོས་མཁོའི་ཡིག་ཆ་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ་ཡང་ན། བོད་མིའི་སྒྲིག་འཛུགས་ཀྱི་ཟུང་འབྲེལ་དྲུང་ཆེ་ཡན་གྱི་དག་མཆན་དགོས་ཤིང་། ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༣༠ འགྱངས་མེད་འཚང་སྙན་གཤམ་གསལ་ཁ་བྱང་བརྒྱུད་འདི་གར་གནང་འབྱོར་ཐུབ་པ་དགོས་རྒྱུའི་གསལ་བསྒྲགས་སུ། བོད་ཀྱི་ཟློས་གར་ཚོགས་པའི་ཡིག་ཚང་ནས། ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༡༤ ལ།།
Director
Tibetan Institute of Performing Arts
P.O. Mcleod Ganj-176219
Distt. Kangra, H.P.E-mail: [email protected]