༢༠༡༤ ཟླ་ ༥ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ནང་སྲིད་བཀའ་བློན་རྒྱ་རི་སྒྲོོལ་མཆོག་རྒྱ་གར་ཤར་ཕྱོགས་སུ་ཡོད་པའི་རང་བང་ལ་(Ravangla) གཞིས་ཆགས་དང་ནུབ་བྷན་གཱ་(West Benga)ནང་ཡོད་པའི་ཀ་སྦུག་ཏུ་འཚམས་གཟིགས་སུ་ཕེབས་འདུག
དེ་ཡང་བཀའ་བློན་མཆོག་གིས་རང་བང་ལའི་ནང་འཚམས་གཟིགས་སྐབས་ཁུལ་དེའི་དཔོན་རིགས་ཁག་གཅིག་དང་ཐུག་འཕྲད་ཀྱིས་རང་བང་ལ་བོད་མིའི་གཞིས་ཆགས་ཀྱི་ས་ཐོ་ལག་འཛིན་དང་བཟའ་འབྲུའི་ལག་དེབ་སོགས་ཀྱི་ཐོག་གོ་བསྡུར་གནང་འདུག
བཀའ་བློན་མཆོག་གིས་ཁུལ་དེའི་མི་དམངས་ལ་གསུང་བཤད་གནང་སྟེ་མི་དམངས་ཀྱི་བདེ་སྡུག་སེལ་རྒྱུར་སྔར་ལྷག་འབད་བརྩོན་བྱེད་རྒྱུའི་ལན་འདེབས་ཀྱང་གནང་འདུག དེ་བཞིན་བཀའ་བློན་མཆོག་གིས་ཀ་སྦུག་ཁུལ་དུ་གནས་པའི་བོད་མིའི་སྡོད་གནས་དང་རྒན་གསོ་ཁང་ལ་འཚམས་གཟིགས་ཀྱིས་མི་དམངས་ལ་གསུང་བཤད་གནང་འདུག
སྤྱིར་བཏང་ཀ་སྦུག་ཏུ་རྟེན་གཞི་བྱས་པའི་རྒན་གསོ་ཁང་དེ་ནི་(Ottawa, Canada)ཁེ་ན་ཌའི་ནང་དུ་ཡོད་པའི་བོད་ཀྱི་གྲོགས་པོ་ཚོགས་པའི་རོགས་སྐྱོར་འོག་གསར་སྐྲུན་གནང་བ་ཞིག་ཡིན་འདུག་པ་བཅས། །