༢༠༡༤ ཟླ་ ༥ ཚེས་ ༢ རེས་གཟའ་པ་སངས།
༄༅།། བོད་དང་རྒྱ་ནག་གི་གནད་དོན་སྐོར་ཉམས་ཞིབ་བྱེད་པོ་ཉམས་ཞིབ་པ་ (Researcher) དང་། གདན་ཞུས་ཉམས་ཞིབ་པ་ (Visiting Fellow) བསྡུ་རྒྱུའི་ཆེད་དུ་གསལ་བསྒྲགས་འདི་སྤེལ་བ་ཡིན་ན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་གཤམ་གསལ་ཆ་རྐྱེན་ཚང་བའི་ཉམས་ཞིབ་པ་དང། གདན་ཞུས་ཉམས་ཞིབ་པ་གནང་བློ་མཆིས་པ་དག་ནས་རང་ཉིད་ཀྱི་འཚང་སྙན་དང་དགོས་མཁོའི་ཡིག་ཆ་གཞན་དག་བཅས་པ་འདི་ག་ལས་ཁུངས་སུ་ ༢༠༡༤།༥།༣༠ འགྱངས་མེད་འབུལ་འབྱོར་དགོས་ཤིང། གཤམ་གྱི་ས་མིག་ (ཀ་ དང ག་) ནང་གསལ་ཆ་རྐྱེན་ཚང་རིགས་འབྲི་རྒྱུགས་དང་ངག་རྒྱུགས་གཉིས་ཀྱི་ལམ་ནས་འདེམས་རྒྱུ། གདན་ཞུས་ཉམས་ཞིབ་པ་ ( ཁ་) ངག་རྒྱུགས་ཁོ་ནའི་ལམ་ནས་འདེམས་སྒྲུག་བྱ་རྒྱུ་ཡིན་པ་བཅས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་ ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༡ ལ།
ཀ༽ ཉམས་ཞིབ་པ། (Researcher)
ས་མིག གཅིག
དུས་ཡུན། ༢༠༡༤ ཟླ་ ༦ ནས་ ༢༠༡༥ ཟླ་ ༣ བར།
ཤེས་ཚད། བོད་ཡིག་དང་། རྒྱ་ཡིག དབྱིན་ཡིག་གཙུག་ལག་སློབ་ཐོན་ཕྱག་ཁྱེར་ཡོད་ན་རབ་དང། གཙོ་བོ་བོད་ཡིག་དང་། རྒྱ་ཡིག དབྱིན་ཡིག་ནང་ཉམས་ཞིབ་ཀྱིས་རྩོམ་ཡིག་ཚད་ལྡན་འབྲི་ཐུབ་པ་དང་ཡིག་སྒྱུར་ (སྒྲ་སྒྱུར་)ཐུབ་པ་དགོས།
ཉམས་མྱོང། ཉུང་མཐར་ལོ་ལྔའི་རིང་ལ་ཉམས་ཞིབ་བྱས་པའི་ལས་ཁུངས་ནས་ངོས་སྦྱོར་ཡིག་གེ་དགོས། ལོ་ལྔའི་རིང་ཉམས་ཞིབ་བགྱིས་པའི་གྲུབ་འབྲས་སྟོན་རྒྱུ་ཡོད་ན་རབ།
ཕོགས། ཟླ་རེར་ཧིན་སྒོར་ ༢༠༡༢༨།༠༠
ཁ༽ གདན་ཞུས་ཉམས་ཞིབ་པ། (Visiting Fellow)
ས་མིག གཅིག
དུས་ཡུན། ༢༠༡༤ཟླ་ ༦ ནས་ ༢༠༡༥ ཟླ་ ༣ བར།
ཤེས་ཚད། Ph. D ཕྱག་ཁྱེར་ལྡན་པ།
ཕོགས། ཟླ་རེར་ཧིན་སྒོར་ ༡༧༤༦༠།༠༠
ག༽ གདན་ཞུས་ཉམས་ཞིབ་པ། (Visiting Fellow)
ས་མིག གཅིག
ཤེས་ཚད། M. Phil སློབ་སྦྱོང་བྱེད་མུས་ཡིན་པ་།/གཙུག་ལག་སློབ་གཉེར་ཁང་དུ་དེབ་བསྐྱེལ་ཟིན་པའི་ཡིག་ཆ་ཡོད་པ་།
ཕོགས། ཟླ་རེར་ཧིན་སྒོར ༡༥༠༠༠༌༠༠
དུས་ཡུན། ཟླ་གསུམ་མམ་བཞི། སྲིད་བྱུས་ཉམས་ཞིབ་ཁང་དུ་ཉམས་ཞིབ་བགྱིས་ཏེ་གྲུབ་འབྲས་འབུལ་དགོས་པ་དང། དེའི་འདྲ་བཤུས་ཞིག་རང་ཉིད་ཀྱི་བདག་ཉར་བྱ་རྒྱུ། ཉམས་ཞིབ་ལས་བྱེད་གཞན་དག་མཉམ་དུ་འགྲུལ་བསྐྱོད་ཀྱིས་རང་གི་འབྲི་རྩོམ་བརྗོད་གཞི་མང་ཚོགས་ལ་གཏམ་བཤད་བྱ་རྒྱུ། ཟླ་གསུམ་མམ་བཞིའི་དུས་ཡུན་རྫོགས་མཚམས་ M. Phil སློབ་གཉེར་བ་གཞན་དག་ལ་གོ་སྐབས་སྤྲོད་རྒྱུ།
སྤྱིར་བཏང་ཆ་རྐྱེན་ཚང་དགོས་པ། ( ས་མིག་གསུམ་ག་ལ་ཁྱབ་ཀྱི་ཡོད་)
༡། བཙན་བྱོལ་བོད་མིའི་དྭང་བླངས་དཔྱ་ཁྲལ་ལག་དེབ་ཀྱི་ངོ་བཤུས་དང། རང་བདེན་ཚོགས་ཆུང་ནས་དྭང་བླངས་དཔྱ་དངུལ་འབུལ་འབབ་གཙང་འབུལ་ཟིན་པའི་ངོས་སྦྱོར།
༢། རྒྱ་གར་ནང་ཁྲིམས་མཐུན་གནས་སྡོད་ཆོག་པའི་ཕྱག་དེབ་ཀྱི་ངོ་བཤུས།
༣། ཚད་ལྡན་སྨན་ཁང་ཞིག་ནས་གཟུགས་པོ་བདེ་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར། ༼ངོས་སྦྱོར་སྟེང་དུ་སོ་སོའི་འདྲ་པར་སྦྱར་དགོས།༽
༤། སློབ་སྦྱོང་ཇི་བྱས་ཀྱི་ཤེས་ཚད་དང་ཉམས་མྱོང་ཕྱག་ཁྱེར་ཁག་གི་ངོ་བཤུས།
༥། སྤྱི་སྒེར་སྡེ་ཚན་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ན། སྡེ་ཚན་དེའི་འགནའཛིན་ནས་དགག་ཆ་མེད་པའི་ངོས་སྦྱོར་དགོས།
༦། PAN CARD ངོ་བཤུས།
འཚང་སྙན་འབུལ་ཡུལ།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང། གངས་ཅན་སྐྱིད་གཤོངས། རྡརྨ་ཤཱ་ལ། ཀང་ར་རྫོང། ཧི་མ་ཅལ་མངའ་སྡེ། ༡༧༦༢༡༥
གློག་འཕྲིན་ཁ་བྱང། [email protected] ཁ་པར་ཨང་གྲངས། 01892 – 222403 / 223556
The Director
Tibet Policy Institute
Central Tibetan Administration
Gangchen Kyishong
Dharamsala
Distt. Kangra 176219
H.P. INDIA