༢༠༡༤ ཟླ་ ༥ ཚེས་ ༧ རེས་གཟའ་ལྷག་པ།
༄༅། །ཆོས་རིག་ལས་ཁུངས་ནས་འདི་གར་བཏང་གནས་ནང་འཁོད་དོན། དཔལ་ལྡན་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༦ ཉིན་སྒང་ཏོག་ཁུལ་གྱི་དགོན་སྡེ་ཁག་དང་། དེ་རྗེས་རྣམ་རྒྱལ་བོད་རིག་པའི་བསྟི་གནས་ཁང་ Namgyal Institute of Tibetology དུ་མཚུར་ཕུ་བླ་བྲང་དང་ཀུན་སྐྱོང་བདེ་རྩ་ནས་གོ་སྒྲིག་ཞུས་པའི་ཧི་མཱ་ལ་ཡ་ནང་པའི་དགོན་སྡེ་ཁག་གི་ནང་དུ་ནང་པའི་རིག་གཞུང་གི་ཡིག་ཆ་གལ་ཆེ་བདག་ཉར་གཅེས་སྐྱོང་བྱེད་སྟངས་ཀྱི་ཟབ་སྦྱོང་ Preservation and Digital documentation of Traditional Artforms in Buddhist monasteries in the Himalaya དུ་གདན་ཞུས་ལྟར་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད།
ཕྱི་དྲོ་སྒང་ཏོག་བོད་ཀྱི་གསོལ་མགྲོན་ཁང་དུ་དཔལ་ལྡན་ཆོས་རིག་བཀའ་བློན་མཆོག་དང་ས་གནས་འགོ་འཛིན། ས་འཐུས་དབུས་པའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་ཚོགས་གཞོན། དགོན་སྡེ་ཁག་གི་སྐུ་ཚབ། སྡེ་ཚན་ཁག་གི་འགན་འཛིན་བཅས་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་ཡོད་འདུག