༢༠༡༤ ཟླ་ ༥ ཚེས་ ༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༥།༦ བཅས་ཉིན་གཉིས་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་ཏི་ཝི་ ཡའི་རྒྱལ་ས་རི་གར་ལག་ལེན་སོ་བདུན་མ་དང་ཤེས་རབ་སྙིང་པོའི་ཆོས་འབྲེལ་སོགས་མཛད་འཕྲིན་ཁག་ལེགས་པར་མཇུག་སྒྲིག་མཛད་དེ་ཕྱི་ཚེས་ ༧ ཉིན་མགོན་པོ་གང་ཉིད་མཆོག་ནོར་ཝེའི་ Norwayརྒྱལ་ས་ཨོ་སི་ལོར་ Osloཆིབས་སྒྱུར་བསྐྱངས་སྟེ་ཕྱི་ཚེས་ ༨ ཉིན་གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་གསར་འགོད་པ་རྣམས་ཀྱི་དྲི་བར་བཀའ་ལན་མཛད། དེ་རྗེས་༸གོང་ས་མཆོག་གིས་ཞུགས་གནས་མགྲོན་ཁང་གྷ་རན་ཌི་ཧོ་ཊེལ་ (Grand Hotel) ཞེས་པར་ཆིབས་སྒྱུར་བསྐྱངས་སྟེ་༸ཞབས་སོར་འཁོད་བསྟུན། དེ་སྔའི་ནོར་ཝེའི་སྲིད་བློན་ཟུར་པ་སྐུ་ཞབས་ཀེ་ཇེལ་མག་ནེ་བྷོན་ཌེ་ཝིག་ Kjell Magne Bondevik མཆོག་དང་དད་ལྡན་མང་ཚོགས་རྣམས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།