༢༠༡༤ ཟླ་ ༤ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །འདི་ག་ཤེས་རིག་ལས་ཁུངས་ནས་ཁྱབ་ཁོངས་སློབ་གྲྭ་ཁག་གི་བྱིས་པའི་ཀློག་རྩལ་ཡར་རྒྱས་ལས་གཞིའི་ཁོངས་འཛིན་རིམ་དང་པོ་ནས་བརྒྱད་པ་བར་གྱི་སློབ་མའི་གནས་ཚད་དང་འཚམས་པའི་ཨིན་ཡིག་ཐོག་ཡོད་པའི་བྱིས་སྒྲུང་བོད་བསྒྱུར་གྱི་ལས་གཞི་འགོ་འཛུགས་ཞུ་གི་ཡོད། འདི་ནང་མཉམ་ཞུགས་གནང་བློ་ཡོད་རིགས་ནས་ཕྱི་ཟླ་ ༥ ཚེས ༢༨ འགྱངས་མེད་གཤམ་གསལ་ཁ་བྱང་ཐོག་འཚང་སྙན་འབུལ་དགོས།
སྙན་འབུལ་སྐབས་ཐུགས་སྣང་དགོས་པ་གཤམ་གསལ།
༡༽འདི་གའི་ལས་གཞི་ནང་ཞུགས་བློ་ཡོད་རིགས་ནས་བསྒྱུར་གཞི་མ་དཔེ་ཁག་ཤེས་རིག་དྲ་རྒྱ་www.sherig .org ནས་ཕབ་ལེན་གྱིས་བོད་བསྒྱུར་ཞུ་དགོས།
༢༽བོད་བསྒྱུར་ཞུས་པའི་རྩོམ་དཔེ་ཁག་ཕྱི་ཟླ་ ༥ ཚེས་ ༢༨ གོང་དུ་ཤེས་ལས་སུ་འཚང་སྙན་མཉམ་ངེས་འབྱོར་ཟིན་པ་དགོས་རྒྱུ།
༣༽སྙན་འབུལ་ཟིན་པའི་ཁོངས་ནས་ལོ་ཙ་བ་ལེགས་གྲས་༢༠ འདེམས་སྒྲུག་བྱས་ཏེ་ཉིན་ལྔའི་རིང་ཟབ་སྦྱོང་ཞིག་ཕྱི་ཟླ་ ༨ ནང་དྷ་སར་གོ་སྒྲིག་ཞུ་རྒྱུ་དང་། ཟབ་སྦྱོང་བཅར་སྐབས་ཀྱི་ལམ་གྲོན་དང་། ཟུར་ཕོགས། ལེགས་གསོལ། ཞལ་ལག་སོགས་ཤེས་རིག་ལས་ཁུངས་ནས་ནར་གཏོང་ཞུ་རྒྱུ་ཡིན།
༤༽ཟབ་སྦྱོང་བཅར་མཁན་གྱི་ལོ་ཙ་བ་ ༢༠ ནང་ནས་མི་འགྲོ་རྩེ་ཕུད་ ༡༠ ལ་བྱིས་སྒྲུང་རྩོམ་བསྒྱུར་གྱི་ལས་གླ་སྒྲིག་དོན་ལྟར་གཏོང་འཆར་ཡོད་པ་བཅས་ཀྱི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་༢༠༡༤ ཟླ་༤ ཚེས་༢༩ ཉིན།
འབྲེལ་གཏུགས་བྱེད་ས།
Secretary
Department of Education, CTA
Gangchen Kyishong, Dharamsala -176215
Distt. Kangra H.P India
Tel: +91 1892-222572, 222721
E-mail: [email protected]
Website: www.sherig.org/tb