༢༠༡༤ ཟླ་ ༤ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༢༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་འོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་ (Representative Meeting and International Diplomatic Advocacy Training) བོད་མིའི་ཕྱི་རྒྱལ་སྐུ་ཚབ་དོན་གཅོད་རྣམ་པའི་ལོ་འཁོར་གྱི་ཚོགས་འདུ་དང་ཟབ་སྦྱོང་དབུ་འཛུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༡༥ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་བསྟན་པ་ཚེ་རིང་མཆོག
ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་དང་དངོས་གྲུབ་རྡོ་རྗེ་ལགས། ཡུ་རོབ་དམིགས་བསལ་སྐུ་ཚབ་དོན་གཅོད་སྐལ་བཟང་རྒྱལ་མཚན་ལགས། ཨ་རི་སྐུ་ཚབ་དོན་གཅོད་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས། བལ་ཡུལ་འབྲེལ་མཐུད་པ་རྟ་མགྲིན་རྡོ་རྗེ་ལགས། སུད་སི་སྐུ་ཚབ་དོན་གཅོད་ཚེ་བརྟན་བསམ་གྲུབ་ལགས། ཉི་ཧོང་སྐུ་ཚབ་དོན་གཅོད་ལྷག་པ་མཚོ་སྒོ་་ལགས། ཨིན་ལན་སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་གྲུབ་ལགས། ཨོ་སི་ཊོ་ལི་ཡ་སྐུ་ཚབ་དོན་གཅོད་དྭགས་པོ་བསོད་ནམས་ནོར་བུ་ལགས། སྦར་སིལ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས། ཨུ་རུ་སུ་སྐུ་ཚབ་དོན་གཅོད་ངག་དབང་རབ་རྒྱལ་ལགས། ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས། ལྷོ་ཨ་རིའི་འབྲེལ་མཐུད་པ་ཚེ་དབང་ཕུན་ཚོགས་ལགས། པེ་རིས་དོན་ཁང་གི་ཟུང་དྲུང་ཚེ་རིང་དོན་གྲུབ་ལགས། ལྷོ་ཨཕ་རི་ཁའི་སྐུ་ཚབ་དོན་གཅོད་མཚན་འཁོད་སྣང་ས་ཆོས་སྒྲོན་ལགས། ཉི་ཧོང་སྐུ་ཚབ་དོན་གཅོད་ མཚན་འཁོད་ལུང་རྟོགས་ལགས་བཅས་ལྷན་འཛོམས་ཐོག་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཚོགས་འདུའི་ངོ་སྤྲོད་དང་ཕེབས་བསུའི་གསུང་བཤད་གནང། དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་ལངས་ཕྱོགས་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད།
བོད་མིའི་སྐུ་ཚབ་དོན་གཅོད་རྣམ་པའི་ལོ་འཁོར་ཚོགས་འདུ་དང་ཟབ་སྦྱོང་འདི་བཞིན་ཕྱི་ཚེས་ ༢༢ ནས་ ༢༥ བར་ཉིན་གྲངས་བཞིའི་རིང་འཚོགས་རྒྱུ་ཡིན་འདུག་པ་བཅས།