༢༠༡༤ ཟླ་ ༤ ཚེས་ ༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༡ ཉིན་འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བྱང་ཤར་ཁུལ་ནས་བོད་མི་ཆིག་སྟོང་ཁེ་ན་ཌར་གཞིས་སྤོས་ལས་གཞི་དང་འབྲེལ་བའི་མེའོ་ཆོས་འཕེལ་གླིང་དང་། ཏི་ཛུ་དར་རྒྱས་གླིང་། འབུམ་ལ་བསྟན་སྒང་བཅས་ས་ཁག་གསུམ་ནས་མི་འགྲོ་རྒྱན་ཐོན་བྱུང་ཁོངས་ནས་ཁེ་ན་ཌར་རྡོག་ཐོན་བསྐྱོད་ཐེངས་གཉིས་པའི་ཁོངས་མི་གྲངས་ ༡༦༢ ཨ་སམ་ཏིན་སུ་ཀི་ཡར་ (Tinsukia,Assam) ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༢༥ ནས་ཕྱི་ཚེས་ ༢༧ བར་ཉིན་གསུམ་རིང་ངོ་ཐུག་རྒྱུགས་བཞེས་དང་།
ལུས་གཟུགས་བརྟག་དཔྱད་སྐབས་དེར་ནང་སྲིད་དྲུང་འཕར་དོན་གྲུབ་རྡོ་རྗེ་ལགས་དང་། ལས་རོགས་སྡེ་འགན་ནོར་འཛིན་ལྷ་མོ་ལགས་བཅས་ངོ་བཅར་ཞུས་ཡོད། གོང་གསལ་མི་འགྲོ་རྣམས་དངོས་སུ་རིམ་པས་རྡོག་ཐོན་བྱ་རྒྱུའི་ཚེས་གྲངས་རྗེས་སུ་གཏན་འབེབས་གནང་རྒྱུ་ཡིན་འདུག