༢༠༡༤ ཟླ་ ༣ ཚེས་ ༡༥ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༥ རེས་གཟའ་སྤེན་པའི་སྔ་དྲོ་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ཉིན་ལྔ་པའི་ཚོགས་དུས་སྐབས་ཧི་མཱ་ཅལ་མངའ་ཁུལ་དུ་རྟེན་གཞི་བྱས་པའི་འཕགས་བོད་མཛའ་འབྲེལ་ཚོགས་པའི་ (Bharat Tibbat Sahyog Manch) ཚོགས་མི་དང་ཧི་མཱ་ལ་ཡའི་བོད་དོན་རྒྱབ་སྐྱོར་ཚོགས་པ། (Himalaya Parivar) ཧིན་བོད་མཛའ་འབྲེལ་ཚོགས་པ་ (Indo Tibetan Friendship Society) དེ་བཞིན་གླ་བྱེད་རླངས་འཁོར་ཚོགས་པ། (Taxi Union) ཅས་ཀྱི་ཚོགས་མི་ཁྱོན་མི་གྲངས་ཞེ་ལྔ་ཙམ་ཟུར་ཉན་དུ་ཕེབས་ཡོད་པར་བརྟེན། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཚོགས་མི་རེ་རེ་བཞིན་གྲོས་ཚོགས་འཐུས་མི་རྣམས་ལ་ངོ་སྤྲོད་གནང་སྐབས་གྲོས་ཚོགས་འཐུས་མི་རྣམས་ཀྱིས་དགའ་བསུ་ཞུས་ཡོད་པ་མ་ཟད།
གསོལ་ཇའི་བར་གསེང་སྐབས་སྐུ་མགྲོན་རྣམ་པར་གསོལ་ཇ་ཞལ་ཏོག་ཕུལ་བ་དང་སྦྲགས། སྤྱི་འཐུས་རྣམས་དང་ལྷན་ཆུད་ཚོད་ཕྱེད་ཙམ་རིང་གསུང་མོལ་གནང་གྲུབ་མཚམས་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཁོང་རྣམས་ལ་ཕྱག་རྟགས་ཀྱང་གནང་ཡོད།