༢༠༡༤ ཟླ་ ༣ ཚེས་ ༢༥ རེས་གཟའ་མིག་དམར།
༄༅། །ཡུ་རོབ་སྤྱི་འཐུས་ཆུང་བདག་ཀོ་རིན་ལགས་སྐུ་གཟུགས་བདེ་མིན་གྱིས་རྐྱེན་པས་ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༧ ཉིན་བོད་མི་མང་སྤྱི་འཐུས་ནས་རྩ་དགོངས་ཞུས་ཡོད། དེ་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༧ པའི་ནང་གསེས་ ༢ པའི་དགོངས་དོན་ལྟར་དབུས་འོས་བསྡུ་ལས་ཁང་ནས་ཡུ་རོབ་སྤྱི་འཐུས་ཀྱི་སྒུག་ཐོ་དང་པོ་དབང་པོ་བཀྲས་མཐོང་ལགས་ཡུ་རོབ་སྤྱི་འཐུས་སུ་བསྐོ་གཞག་གནང་གཏན་འཁེལ་ཡོད་པ་བཅས།།