༢༠༡༤ ཟླ་ ༡ ཚེས་ ༢ རེས་གཟའ་ཟླ་བ།
༄༅། །འདི་ག་དཔལ་འབྱོར་ལས་ཁུངས་ཀྱི་ཁྱབ་ཁོངས་ལས་བྱེད་གསོལ་ཁང་དུ་འགན་འཛིན་འཕོས་ཚབ་ཅིག་དགོས་པར་ལས་བྱེད་གསོལ་ཁང་གི་བླང་དོར་སྒྲིག་གཞི་དོན་ཚན་ ༦།༡།ཀ། དགོངས་དོན་ཆོད་གན་ཐོག་བསྐོ་བཞག་གནང་བཞེད་ཡོད་ན། གཤམ་གསལ་ཆ་རྐྱེན་ཚང་ཞིང་ཞབས་འདེགས་ཞུ་བློ་ཡོད་རིགས་ནས་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེའི་མཚན་ཐོག་ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༡༤ ཕྱི་དྲོ་ཆུ་ཚོད་ ༥།༠༠ འགྱངས་མེད་སྙན་ཤོག་དང་དགོས་མཁོའི་ཡིག་ཆ་ཁག་གི་ངོ་བཤུས་སྟེང་ཟུང་དྲུང་ཡན་གྱི་དག་མཆན་འཁོད་པ་འབུལ་འབྱོར་ཐུབ་པ་དགོས་རྒྱུའི་གསལ་བསྒྲགས་སུ། དཔལ་འབྱོར་ལས་ཁུངས་ནས་ ༢༠༡༤ ཟླ་ ༡ ཚེས་ ༣༠ ལ།
ཆ་རྐྱེན་ཁག
༡། རང་ལོ་ ༣༠ ལས་མི་ཉུང་ཞིང་ ༦༠ མ་བརྒལ་བ།
༢། འཛིན་རིམ་ ༡༠ ཐོན་པའི་ལག་འཁྱེར་ཡོད་པ།
༣། ཁྱད་ལས་པའི་ལག་འཁྱེར་རམ། ཡང་ན་ཚོགས་སྡེ་གང་རུང་ནང་འགན་འཛིན་ནམ་གཉེར་པའི་ལས་འཁུར་ཉུང་མཐར་ལོ་གསུམ་བྱས་པའི་ཉམ་མྱོངས་ཡོད་པ།
༤། དྭང་སློབ་ནང་གཉེར་པའི་ལས་འགན་ལོ་གཅིག་ཞུ་མྱོངས་ལྡན་རིགས་ལ་གོང་གསལ་དོན་ཚན་ ༢ དང་ ༣ མ་ཚང་ནའང་དམིགས་བསལ་ཆོག་རྒྱུ།
༥། རྒྱ་གར་ནང་གནས་སྡོད་ཆོད་པའི་སྐྱབས་བཅོལ་ལག་དེབ་དང་དུས་འགྱངས་ཟིན་པའི་ཡིག་ཆ།
༦། བཙན་བྱོལ་བོད་མིའི་རང་དབང་གཅེས་འཛིན་དྭང་བླང་དཔྱ་དངུལ་ལག་དེབ་ཡོད་པ་དང་དཔྱ་དངུལ་ ༢༠༡༣ བར་ཕུལ་ཟིན་པའི་དན་རྟགས།
༧། ཐལ་སྤྱོད་མེད་པའི་འབྲེལ་ཡོད་ས་གནས་འགོ་འཛིན་གྱི་ངོས་སྦྱོར།
༨། འགོས་ནད་མེད་པ་དང་གཟུགས་ཐང་ཡིན་པའི་སྨན་པ་བགྲེས་པའི་ངོས་སྦྱོར།
འབྲེལ་བ་ཞུ་ཡུལ་ཁ་བྱང་།
Secretary
Department of Finance, CTA
Central Tibetan Administration
Gangchen Kyishong
Dharamsaal – 176215
Distt. Kangra, H.P. INDIA