༢༠༡༤ ཟླ་ ༢ ཚེས་ ༢༠ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༢༠ ཉིན་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་ནས་གོ་སྒྲིག་ཐོག་སྦེལ་ཀོབ་ས་སྐྱ་ཚོགས་ཁང་ནང་སྦེལ་ཀོབ་ཁུལ་གྱི་གཞི་རིམ་འོག་མའི་བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་བཞི་སམ་བྷོ་ཊ་བོད་སློབ་ཚོགས་པར་རྩིས་སྤྲོད་ཟིན་པའི་སློབ་དགེ་རྣམས་ལ་ཟབ་སྦྱོང་གི་བརྗོད་གཞི། དང་པོ༽ གཞི་རིམ་འོག་མའི་རྒྱུན་མཐུད་ཞིབ་འཇུག་གི་འགྲོ་ལུགས་ལག་བསྟར་ཞུ་ཕྱོགས། གཉིས་པ༽ གཞི་རིམ་འོག་མའི་སློབ་ཚན་ཁག་གི་དྲི་ཤོག་བཟོ་སྟངས་དང་སློབ་ཚན་འཆར་འགོད་གནང་ཕྱོགས། གསུམ་པ༽ ཤེས་ཡོན་སྲིད་བྱུས་ཀྱི་ནང་དོན་ཤེས་ཡོན་སྤྲོད་དགོས་པའི་དམིགས་ཡུལ་བཞི་དང་དགེ་རྒན་གྱི་མཚན་ཉིད་སྐོར་ལམ་སྟོན་གནང་ཕྱོགས་ཀྱི་ཟབ་སྦྱོང་འགོ་འཛུགས་གནང་འདུག
ཐེངས་འདིའི་ཉིན་གྲངས་གསུམ་རིང་གི་ཟབ་སྦྱོང་ནང་གཞི་རིམ་འོག་མའི་སློབ་གྲྭ་ཁག་བཞི་ནས་ཁྱོན་དགེ་རྒན་ ༡༩ མཉམ་ཞུགས་གནང་འདུག
དེ་བཞིན་འབྱུང་འགྱུར་ཕྱི་ཟླ་ ༦ པའི་ནང་རྩིས་ལེན་ཟིན་པའི་སྔོན་འགྲོའི་སློབ་གྲྭ་ཁག་ ༣༣ ཀྱི་དགེ་རྒན་རྣམ་པར་ཡང་ཟབ་སྦྱོང་སྤྲོད་འཆར་ཡོད་འདུག་པ་བཅས། །
བོད་སློབ་འཛིན་ཚོགས་ཀྱི་སློབ་གྲྭ་བཞི་སམ་བྷོ་ཊ་བོད་སློབ་ཚོགས་པར་རྩིས་སྤྲོད་ཟིན་པའི་སློབ་དགེ་རྣམ་པར་ཟབ་སྦྱོང་འགོ་འཛུགས་གནང་བ།
གསར་གནས།

འབྲེལ་གནས།
