༢༠༡༤ ཟླ་ ༢ ཚེས་ ༡༢ རེས་གཟའ་ལྷག་པ།
༄༅། །བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ན་གཞོན་རོགས་སྐྱོར་ཚན་པའི་ལས་འཆར་འོག་ཕྱི་ལོ་༢༠༡༤ ཟླ་ ༢ ཚེས་ ༡༡ ཉིན་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་རྡ་ས་བོད་མིའི་མདུན་ལམ་སློབ་སྟོན་བསྟི་གནས་ཁང་དུ་བོད་ནས་གསར་དུ་བསླེབས་པའི་གཞོན་སྐྱེས་དང་རྡ་ས་ཁུལ་དུ་གཏན་སྡོད་གཞོན་སྐྱེས་ཁག་གཅིག་ལ་གློག་ཀླད་རྨང་གཞིའི་ཟབ་སྦྱོང་གི་མཛད་སྒོ་སྟབས་བདེ་ཞིག་ཚོགས་འདུག
དེ་ཡང་གོང་ཚེས་ཉིན་ནང་སྲིད་དྲུང་འཕར་འཆི་མེད་རིག་འཛིན་ལགས་དང་ཟུང་དྲུང་དཔལ་ལྡན་དོན་གྲུབ་ལགས། དེ་བཞིན་གཞོན་སྐྱེས་སློབ་ཕྲུག་ ༤༥ ཙམ་ལྷན་འཛོམས་དབུས་སུ་ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་མཛད་སྒོ་དབུ་འབྱེད་གནང་ཡོད། ཐེངས་འདིའི་སྦྱོང་བརྡར་སྐབས་བསྟན་འཛིན་ཆོས་འཕེལ་ལགས་ཀྱིས་སློབ་ཁྲིད་གནང་རྒྱུ་ཡིན་འདུག སྤྱིར་བཏང་ལས་གཞི་འདི་ནི་བོད་ནས་གསར་དུ་བསླེབས་པའི་གཞོན་སྐྱེས་རྣམས་དང། ཕྱོགས་མཚུངས་རྡ་ས་ཁུལ་དུ་གཏན་སྡོད་བོད་མི་རྣམས་ལ་དམིགས་པ་ཞིག་ཡིན་འདུག་པ་བཅས།