༢༠༡༤ ཟླ་ ༡ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༡༡ སྔ་དྲོ་ནས་ ༡༦ བར་ལྡི་ལིར་ཆེས་མཐོའི་མི་སྣ་ཁག་མཇལ་འཕྲད་དང་ཚོགས་འདུ་ཞིག་གི་ཆེད་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་འདུག
དེ་ཡང་གོང་ཚེས་ཉིན་སྲིད་སྐྱོང་མཆོག་རྡ་ས་ནས་གལ་གྷལ་དང་དེ་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་འབྱོར་གྱིས་ཕྱི་ཚེས་ ༡༢ ནས་ ༡༥ བར་ས་གནས་སུ་ལས་འཆར་དང། ཕྱི་ཚེས་ ༡༦ ཉིན་ལྡི་ལི་ནས་གལ་གྷལ་བརྒྱུད་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག