༢༠༡༤ ཟླ་ ༡ ཚེས་ ༢༧ རེས་གཟའ་ཟླ་བ།
༄༅། །དབུས་བོད་སློབ་འཛིན་ཚོགས་ཁྱབ་ཁོངས་སིམ་ལ་གཏན་སློབ་ཏུ་མ་བྱན་གཅིག་དང་མ་མ་གཅིག་གི་ས་མིག་སྟོང་པ་ཡོད་པར་ལས་གནས་སུ་ཞུགས་བློ་ཡོད་རིགས་ནས་ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༢༡ འགྱངས་མེད་གཤམ་གསལ་ཁ་བྱང་ཐོག་དགོས་ངེས་ཡིག་ཆ་ཁག་དང་བཅས་ཐད་ཀར་གཏན་སློབ་ཀྱི་རེག་ཊར་ལ་སྙན་ཞུ་འབུལ་དགོས།
དགོས་ངེས་ཆ་རྐྱེན།
༡། རང་ལོ་ ༣༠ ཡན།
༢། གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་ལག་འཁྱེར། R.C. ཤོག་གྲངས་དང་པོ་དང་མཐའ་མའི་ངོ་བཤུས།
༣། གཟུགས་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ངོ་མ།
༤། འབུལ་འབབ་གཙང་འབུལ་ཟིན་པའི་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་མཐའ་མའི་ངོ་བཤུས།
གསོལ་ཕོགས་དང་ཁེ་ཕན།
ཟླ་རེར་གསོལ་ཕོགས་ཧིན་སྒོར་ ༤༥༠༠ ཐོབ་རྒྱུ།
བསྡོད་གནས་དང་ཞལ་ལག་དུས་གསུམ་རིན་མེད་གནང་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༢༧ ལ།
འབྲེལ་བ་ཞུ་ཡུལ་ཁ་བྱང་།
Rector
Central School for Tibetans, Shimla
PO Chotta Shimla,
Shimla-2
H.P