༢༠༡༣ ཟླ་ ༡༡ ཚེས་ ༡༢ རེས་གཟའ་མིག་དམར།
༄༅། །རྒྱ་གར་གཞུང་གི་གྲོས་ཚོགས་གོང་མའི་གསར་འགྱུར་དང་འབྲེལ་བའི་བརྙན་འཕྲིན་ཚན་པས་Rajya Sabha TVཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༡།༡༢ བཅས་ཉིན་གཉིས་རིང་གི་ཉིན་གུང་ཆུ་ཚོད་ ༡༢ དང་། ཕྱེད་ཡོལ་ཆུ་ཚོད་ ༤ ཐོག དེ་བཞིན་ཕྱེད་ཡོལ་ཆུ་ཚོད་ ༥།༣༠ ཐོག་བོད་ཀྱི་གནས་ཚུལ་དང་འབྲེལ་བའི་དངོས་བྱུང་གློག་བརྙན། བོད་ནས་ཕེབས་པའི་སྐུ་མགྲོན། “Tibet Ke Mehmaan” ཞེས་པ་ཞིག་སྟོན་རྒྱུ་ཡིན་འདུག དེ་ཡང་བརྙན་འཕྲིན་དེའི་དྲ་རྒྱའི་ཁ་བྱང་འདི་ rstv.nic.in. བརྒྱུད་ནས་ཀྱང་གཟིགས་ཐུབ་རྒྱུ་ཡིན་འདུག