༢༠༡༣ ཟླ་ ༡༡ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །བདེ་ལེགས་སྨན་ཁང་ནས་རང་རེའི་མང་ཚོགས་ཀྱི་བདེ་ཐབས་སླད་ཟླ་རེའི་རེས་གཟའ་ཕུར་བུ་གཉིས་པ་དང། བཞི་པ་འཆར་ཅན་ཀངྒ་ར་(Fortis) སྨན་ཁང་གི་རུས་པའི་ཆེད་ལས་སྨན་པ་(Nitin Gupta, Orthopedic) གདན་ཞུའི་འདི་ག་སྨན་ཁང་ཨ་མར་རུས་པའི་ནད་གཞིར་སྨན་བཅོས་བརྟག་དཔྱད་ཞུ་རྒྱུ་དང། ཡང་རྡ་སར་བཅའ་བཞུགས་འབྲས་ལྗོངས་བ་མོ་ནད་སྨན་པ་(Gynaecologist) བསོད་ནམས་ཆུང་གུ་ལགས་ནས་ཟླ་རེའི་རེས་གཟའ་ལྷག་པ་འཆར་ཅན་མེག་གྷེན་ཡན་ལག་སྨན་ཁང་དང། རེས་གཟའ་པ་སངས་འཆར་ཅན་འདི་ག་སྨན་ཁང་ཨ་མར་མོ་ནད་སྨན་བཅོས་བརྟག་དཔྱད་ཀྱི་ཞབས་ཞུ་འབུལ་གཏན་འཁེལ་བ་ལགས་ན། རང་རེའི་མང་ཚོགས་ཁྲོད་གོང་གསལ་ཆེད་ལས་སྨན་པ་སོ་སོར་བསྟེན་གཏུག་གནང་བློ་ཡོད་རིགས་རྣམས་ཉིན་རྒྱབ་ཆུ་ཚོད་ ༢ ཐོག་སྨན་ཁང་སྟེང་ཤོད་གཉིས་སོ་སོར་འཆུག་མེད་ཕེབས་གནང་ཡོད་པ་དེ་དོན་དགོངས་འཇགས་ཞུ། བདེ་ལེགས་སྨན་ཁང་ཡིག་ཚང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༤ ལ།།