༢༠༡༣ ཟླ་ ༡༡ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །མཚུངས་མེད་སྦེང་ལོར་ལྷོ་སྤྱི་མཆོག་དང་། རྒྱ་བལ་འབྲུག་གསུམ་གྱི་ས་གནས་འགོ་འཛིན་ལྷན་རྒྱས་མཆོག་གང་དེར།
ཆེད་ཞུ། ལམ་ཙམ་མངའ་གསལ་བཞིན། ཨོ་རི་ས་མངའ་ཁུལ་དུ་རླུང་འཚུབ་དྲག་ཆར་རྐྱེན་པས་ས་གནས་ཡུལ་མི་མང་པོའི་གནས་མལ་དང་། སྒོ་ཟོག་སེམས་ཅན། སྟོན་ཐོག མི་རྒྱུ་ཚེ་སྲོག དེ་བཞིན་འཁོར་ཡུག་སོགས་ལ་གོད་ཆག་འཚབ་ཆེ་ཕོག་སྟེ་དཀའ་ངལ་ཚད་མེད་མྱང་དང་མྱོང་བཞིན་པ་ལྟར། ཨོ་རི་ས་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུའང་དེ་མཚུངས་གནོད་སྐྱོན་ཕོག་ཡོད་ཀྱང་༸གོང་ས་མཆོག་དང་ཡི་དམ་ཆོས་སྲུང་བཅས་ཀྱི་ཐུགས་རྗེ་བཀྲིན་ལ་བརྟེན་ནས་མི་རྒྱུ་ཚེ་སྲོག་བཅས་ལ་གནོད་སྐྱོན་མེད་ཙམ་བྱུང་འདུག
འོན་ཀྱང་ཞིང་ས་ཨེ་ཀར་ ༡༢༤༠ ཙམ་ལ་ཨ་ཤོམ་འདེབས་ལས་བྱས་པའི་བརྒྱ་ཆ་ ༩༠ ཡན་གཏོར་སྐྱོན་བྱུང་སྐོར་འདི་གའི་སོ་ནམ་སྡེ་ཚན་དང་ས་གནས་མངའ་གཞུང་སོ་ནམ་ལས་བྱེད་བཅས་ནས་ས་གནས་ས་ཐོག་བསྐྱོད་ནས་གནོད་སྐྱོན་ཇི་ཕོག་དཔྱད་ཞིབ་ (Loss/Damage Assessment) བྱས་པའི་སྙན་ཐོ་ལྟར་ན་སྒོར་འབུམ་ ༢༠༠ ཙམ་གྱོང་གུད་ཕོག་འདུག ཨོ་རི་ས་གཞིས་མི་ཞིང་པ་ཉམ་ཆུང་རྣམས་ཀྱི་འཚོ་རྟེན་གཙོ་བོ་སོ་ནམ་ཞིང་ལས་ཡིན་སྟབས་ད་ལན་(Phailin) རླུང་འཚུབ་གོད་ཆག་རྐྱེན་པས་ཞིང་མང་གི་ལྟོ་གོས་ཐོག་དོ་ཕོག་ཆེན་པོ་ཐེབས་རྒྱུ་གདོན་མི་ཟ་བ་མ་ཟད།
མཉམ་འབྲེལ་དང་དངུལ་ཁང་བཅས་ལ་བུ་ལོན་འཇལ་སློག་མ་ཐུབ་པའི་དཀའ་ངལ་གྱི་རང་བཞིན་ཆགས་གནས་ཉེ་ལམ་ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༢༩ ཉིན་རྡ་ས་གངས་སྐྱིད་དཔེ་མཛོད་ཚོགས་ཁང་དུ་ས་གནས་འགོ་འཛིན་གྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་དགུ་པ་བསྐྱངས་བཞིན་པའི་སྐབས་དཔལ་ལྡན་ནང་སྲིད་བཀའ་མཆོག་གི་ཨོ་རི་ས་ཕུན་ཚོགས་གླིང་མི་མང་ལ་གདུང་སེམས་མཉམ་བསྐྱེད་དང་། བོད་མི་ནང་ཁུལ་གཅིག་ཕན་གཅིག་གྲོགས་མཚོན་ཆེད་ས་གནས་འགོ་འཛིན་སོ་སོའི་ཁྱབ་ཁོངས་གཏོང་ཕོད་མི་མང་དང་ཚོགས་སྡེ་ཁག་ནས་ཞལ་འདེབས་རྒྱ་མི་ཆུང་བ་བསྡུ་སློང་ཡོང་བའི་གསལ་བསྒྲགས་གནང་དོན་བཞིན་བསྡུ་སློང་དངུལ་འབབ་ཇི་བྱུང་རྗེས་ལོ་(༢༠༡༤) ཟླ་ ༣ ཚེས་ ༡༥ ནང་ཚུད་ནང་སྲིད་དབུས་བོད་མི་ངལ་སེལ་ཚོགས་པའི་གཤམ་གསལ་དངུལ་ཁང་ལག་དེབ་ཨང་གྲངས་བརྒྱུད་འབུལ་ལམ་ཡོང་བ་དེ་དོན་དགོངས་འཇགས་ཞུ། ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༡ ལ།
ཕུལ།།
གོང་གསལ་གོད་ཆག་ཆེད་ཞལ་འདེབས་གནང་ཕྱོགས་དང་འབྲེལ་བའི་གནས་ཚུལ་མཁྱེན་འདོད་ཡོད་རིགས་ནས་གཤམ་གསལ་ཞལ་བྱང་དང་ཁ་པར་བརྒྱུད་འབྲེལ་གནང་སྐྱོང་ཡོང་བ།
Executive Secretary
Central Tibetan Relief Committee
Dharamsala-176215
Distt. Kangra, H.P India
Tel: +91-1892-222214/222412
Fax: +91-1892-225065
E-mail: [email protected]
Website: www.tibet.net/www.centraltibetanreliefcommitte.org
Youtube: Appeal for Odisha Phuntsokling Relief༼བརྙན་འཕྲིན་གཟིགས་ཆེད་འདིར་གནོན།༽
Bank Account Details:
Central Tibetan Relief Committee
Account No. 10551095399
State Bank of India
Bank Code: 0634
Bank IFSC code: SBIN0000634