༢༠༡༣ ཟླ་ ༡༡ ཚེས་ ༡༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༨ རེས་གཟའ་པ་སངས་ཉིན་ཕི་ལི་པིན་ Philippines ཡུལ་དུ་མཚོ་རླུང་དྲག་ཚུབ་ཧེ་ཡན་ Haiyan ཞེས་པ་དེས་མི་གྲངས་ ༡༠༠༠༠ ཙམ་རྐྱེན་ལམ་དུ་བཏང་བ་མ་ཟད། སྡོད་ཁྱིམ་གཏོར་ཤིག་ཕོག་པ་སོགས་མི་རྒྱུ་གཉིས་ཀར་གནོད་འཚེ་ཧ་ཅང་ཆེན་པོ་བཟོས་པའི་ཛ་དྲག་གི་གནས་ཚུལ་བྱུང་བར་བརྟེན། ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༡ རེས་གཟའ་ཟླ་བའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕི་ལི་པིན་སྲིད་འཛིན་སྐུ་ཞབས་བྷེ་ནི་ཉོ་ཨ་ཀི་ན་(Benigno Aquino III) མཆོག་ལ་ཐུགས་གསོའི་གསུང་འཕྲིན་སྩལ་བ་བརྒྱུད་ཕི་ལི་པིན་ནང་འབྱུང་བའི་གོད་ཆག་ཚབ་ཆེ་ཕོག་པར་མགོན་པོ་གང་ཉིད་མཆོག་ཧ་ཅང་ཐུགས་ཕམ་ཆེན་པོ་མཛད་བཞིན་པ་དང་། རང་བྱུང་གོད་ཆག་དེའི་འོག་རྐྱེན་ལམ་དུ་གྱུར་བ་རྣམས་ལ་ཐུགས་སྨོན་དང་ཤུལ་ལུས་ནང་མི་སྤུན་མཆེད་རྣམས་ལ་གཐུགས་གསོ་མཛད་པ་མ་ཟད། ཏཱ་ལའི་བླ་མའི་ཐེབས་རྩ་བརྒྱུད་ནས་ངལ་སེལ་རོགས་སྐྱོར་ཆེད་ཞལ་འདེབས་ཡང་གསོལ་རས་སྩལ་ཡོད་པ་བཅས།།