༢༠༡༣ ཟླ་ ༡༠ ཚེས་ ༣༠ རེས་གཟའ་ལྷག་པ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་པོ་ལེན་ཌིའི་ Polandསྲིད་བློན་ཟུར་པ་སྐུ་ཞབས་ཏ་ཌུ་ཝི་སི་མ་ཛོ་ཝེ་ཀི་ Tadeusz Mazowiecki མཆོག་འདས་གྲོངས་སུ་གྱུར་བར་དམ་པ་ཁོང་གི་ཤུལ་ལུས་ནང་མི་ལྟོས་བཅས་རྣམས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་དོན།
དམ་པ་ཁོང་ནི་༸གོང་ས་མཆོག་གི་ཐུགས་ཉེ་བའི་གྲོགས་པོ་ཞིག་ཡིན་པ་མ་ཟད། དེ་སྔ་ཐེང་འགའ་ཤས་མཇལ་འཕྲད་མཛད་མྱོང་ཡོད་པ་དང་། དམ་པ་ཁོང་གི་དབུ་ཁྲིད་ལ་བསྔགས་བརྗོད་མཛད་པ་བརྒྱུད་ཡུན་རིང་ནས་ཆོད་སེམས་བརྟན་པོས་བོད་མིའི་དཀའ་ངལ་ལ་རྒྱབ་སྐྱོར་གནང་བ་རྣམས་ཐུགས་དྲན་གསོ་མཛད་དེ་ཡི་རང་བསྔགས་བརྗོད་ཡང་མཛད་ཡོད། དེ་ཡང་སྐུ་གཤེགས་དམ་པ་ཁོང་ནི་ཕྱི་ལོ་ ༡༩༨༩ ལོར་ཨུ་རུ་སུ་དམར་པོའི་དབང་བསྒྱུར་འོག་ནས་པོ་ལེན་ཌིར་རང་བཙན་ཐོབ་རྗེས་པོ་ལེན་ཌིའི་སྲིད་བློན་ཐོག་མར་འདེམས་ཐོན་བྱུང་ཡོད་པ་བཅས།།