༢༠༡༣ ༡༠ ཚེས་ ༣༠ རེས་གཟའ་ལྷག་པ།
༄༅། །མེག་གྷན་བདེ་སྲུང་ཡན་ལག་ལས་ཁུངས་ཀྱིས་གསལ་བསྒྲགས་སྔོན་སོང་ལྟར་རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་འཁྱེར་ནང་གནས་སྐོར་འཁོད་པ་རྣམས་ལ་རྒྱ་གར་དབུས་གཞུང་ནས་དགོངས་པ་ཆེ་བཞེས་ཀྱིས་བོད་མི་སྤྱི་མཚུངས་ལྟར་སྐྱབས་བཅོལ་ལག་འཁྱེར་དུས་འགྱངས་བྱ་འཐུས་བཀའ་འཁྲོལ་ཐོབ་ཡོད་པས་མེག་གྷན་བདེ་སྲུང་ཡན་ལག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༥ ནས་བཟུང་མིང་གཞུང་ཐོ་འགོད་འགོ་འཛུགས་ཀྱིས་ད་བར་མི་གྲངས་ ༢༤༥ ནས་སྐྱབས་བཅོལ་ལག་འཁྱེར་ཐོག་དུས་འགྱངས་ཞུས་ཡོད་ནའང། ད་དུང་མི་གྲངས་ ༤༢ དུས་འགྱངས་ཞུ་ཆེད་ཐོ་འགོད་ཞུ་བར་སླེབས་འབྱོར་བྱུང་མ་སོང་ན། འདི་ལས་ནས་གལ་ཆེ་དོན་ཆེར་བརྩིས་ནས་མཐའ་མའི་དྲན་སྐུལ་ཞུ་རྒྱུར། སྐྱབས་བཅོལ་ལག་འཁྱེར་ནང་གནས་སྐོར་འཁོད་པ་རྣམས་དུས་འགྱངས་ཞུ་རྒྱུའི་མཐའ་མའི་དུས་ཚོད་ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༡ རེས་གཟའ་ཟླ་བ་བར་ཡིན་འདུག་ན། དེ་ལུགས་རང་དོན་རང་གཅེས་ཀྱི་ཐོག་ནས་གོང་གསལ་དུས་ཡུན་ནང་ཚུན་མེག་གྷན་ཡན་ལག་ལས་ཁུངས་སུ་ངེས་པར་དུ་ངོ་བཅར་ཐུབ་པ་དགོས་པའི་མཐའ་མའི་གསལ་བསྒྲགས་སུ། བདེ་སྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༢༩ ཉིན་ལ།།