༢༠༡༣ ཟླ་ ༡༠ ཚེས་ ༢༥ རེས་གཟའ་པ་སངས།
༄༅། །ལྷོ་ཀོ་རི་ཡའི་རྡོང་རྒུག་གཙུག་ལག་སློབ་ཁང་ནས་ (Dongguk University, South Korea) བོད་མི་སྐྱབས་བཅོལ་བའི་སློབ་ཕྲུག་གཉིས་ལ་ལོ་གཅིག་རིང་ཀོ་རི་ཡའི་སྐད་ཡིག་སྦྱོང་བརྡར་དང་། སྐད་ཡིག་གི་རྨང་གཞི་ཚད་ལྡན་བྱུང་ན་མུ་མཐུད་ལོ་བཞིའི་ཉེ་བའི་གཙུག་ལག་རབ་འབྱམས་པའི་ (Undergraduate) སློབ་སྦྱོང་ཆེད་སློབ་ཡོན་གནང་རྒྱུའི་ཞལ་བཞེས་བྱུང་། སློབ་སྦྱོང་བྱ་བློ་བཅོས་མིན་ཡོད་རིགས་སློབ་ཡོན་འདིའི་ཁོངས་འཛུལ་ཞུགས་ཆོག་པས། འདི་ག་ཤེས་རིག་ལས་ཁུངས་སུ་འཚང་སྙན་མཉམ་གཤམ་གསལ་དགོས་མཁོའི་ཡིག་ཆ་ཁག་བཅས་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢༠ འགྱངས་མེད་འབུལ་དགོས།
ཀ༽ དགོས་ངེས་ཆ་རྐྱེན་དང་། འཚང་སྙན་འབུལ་ཕྱོགས།
༡། ཕྱི་ལོ་ ༢༠༡༣ ལོར་འཛིན་རིམ་བཅིུས་ཐོན་པའི་སློབ་ཕྲུག་དང་དེ་མཚུངས་ཀྱི་ཡིག་རྒྱུགས་ཉུང་མཐར་བརྒྱ་ཆ་ ༦༠ ལོན་པ། གཤམ་གསལ་སློབ་ཚན་ཁག་ནས་གང་རུང་གཅིག་ལ་འཚང་སྙན་འབུལ་དགོས་པ་དང་། སློབ་ཚན་ཞིབ་ཕྲ་ ཤེས་རིག་ལས་ཁུངས་ཀྱི་དྲྭ་རྒྱ་www.sherig.org or www.tcewf.org ལ་ལྟ་ཞིབ་དགོས།
1) Science
2) Humanities
3) Sociology
4) Buddhist studies
༢། འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ཨང་ཤོག་ (Marks Card) དང་རྒྱུགས་འཕྲོད་ལག་འཁྱེར་ (Pass Certificate) ངེས་འབུལ་དགོས།
༤། དོ་བདག་གི་དང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༢ ཟླ་ ༡༢ བར་གཙང་ཕུལ་ཟིན་པའི་ལག་དེབ་ཀྱི་ངོ་བཤུས་སྟེང་རང་བདེན་ཚོགས་ཆུང་ནས་བདེན་དཔང་མཚན་རྟགས་ཞུས་པ་དགོས།
༥། དོ་བདག་གི་རྒྱ་གར་སྐྱབས་བཅོལ་ལག་དེབ་ཐོག་ཁྲིམས་མཐུན་དུས་འགྱངས་བཀའ་འཁྲོལ་ཞུས་པའི་ངོ་བཤུས། གལ་ཏེ་ལག་དེབ་དུས་འགྱངས་ཞུ་ཆེད་བཏང་ཟིན་པ་ཡིན་ཚེ་འབྲེལ་ཡོད་ལས་ཁུངས་ནས་བྱུང་འཛིན་ངོ་བཤུས་སམ་གནས་ཡུལ་ས་གནས་འགོ་འཛིན་གྱི་ངོས་སྦྱོར་གང་རུང་དགོས།
བལ་ཡུལ་དང་འབྲུག་ཁུལ་གནས་སྡོད་སྙན་འབུལ་བ་ཡིན་ན་བོད་མི་སྐྱབས་བཅོལ་བ་དངོས་འབྲེལ་ཡིན་པའི་ས་གནས་རང་བདེན་ཚོགས་ཆུང་གི་ངོ་སྤྲོད་རྒྱབ་གཉེར་ཐོག་ས་གནས་འགོ་འཛིན་ནས་ཞིབ་འཇུག་གིས་ངོས་སྦྱོར་ཡིག་ཆ་ངེས་པར་དུ་ཞུ་འབུལ་དགོས།
༦། ཕ་མ་བོད་ནང་ཡོད་པའམ། ཕ་མ་ཡ་བྲལ། ཡང་ན་འདས་གྲོངས་སོང་བ་ཡིན་ཚེ་ས་གནས་འགོ་འཛིན་ནམ། ཤེས་རིག་ཁྱབ་ཁོངས་འཛིན་རིམ་བཅུ་པ་བར་ཡོད་པའི་སློབ་གྲྭའི་སློབ་སྤྱི་གང་རུང་གི་ངོས་སྦྱོར་འབུལ་དགོས།
༧། རང་ཉིད་ཀྱི་ངོ་སྤྲོད་སྙིང་བསྡུས་ཤིག་(Applicant’s Resume) ཨིན་ཡིག་ཐོག་བྲིས་ཏེ་མཉམ་འབུལ་དགོས་རྒྱུ།
༨། དོ་བདག་གི་ལོ་རྒྱུས་སྙིང་བསྡུས་ཤིག་(Statement of Purpose) ཨིན་ཡིག་ཐོག་འབྲི་དགོས་པ་དང་། དེའི་ནང་སོ་སོའི་སློབ་སྦྱོང་གི་དམིགས་ཡུལ་དང་འཆར་གཞི་བཅས་འཁོད་པ་མཉམ་འབུལ་དགོས།
༩། རྒྱབ་གཉེར་ཡི་གེ་(ཨིན་ཡིག་ཐོག)ཞིག་ (Letter of Recommendation) རང་གི་འབྲེལ་ཡོད་སློབ་གྲྭའམ། མཐོ་སློབ། ལས་ཁུངས། ཚོགས་པ། གང་རུང་ནས་ཞུ་འབུལ་དགོས།
༡༠། རང་ཉིད་ཀྱི་ཕྱེད་དཔར་རྒྱབ་ལྗོངས་དཀར་པོ་ཡིན་པ་ ༣ མཉམ་འབུལ་དགོས།
༡༡། དོ་བདག་གི་ཕྱི་བསྐྱོད་ལག་འཁྱེར་སེར་པོའི་ (IC) ངོ་བཤུས་མཉམ་འབུལ་དགོས།
༡༢། ངོས་འཛིན་ཡོད་པའི་གསོ་བ་རིག་པའི་སྨན་པའམ། དེབ་སྐྱེལ་ཡོད་པའི་ཕྱི་ལུགས་སྨན་པ་གང་རུང་ཞིག་ནས་གཟུགས་ཁམས་བདེ་ཐང་ཡིན་པའི་བདེན་དཔང་ཡི་གེ་ཞུ་འབུལ་དགོས།
ཁ༽ ཐུགས་སྣང་དགོས་གལ་ཁག
༡། འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་རྒྱུགས་འཕྲོད་ལག་འཁྱེར་དང་ཨང་ཤོག་གི་ངོ་བཤུས་སྟེང་ས་གནས་འགོ་འཛིན་ནམ། ཟུང་དྲུང་གནས་རིམ་ཡན་གྱི་གཞུང་ཞབས། ཡང་ན་ཤེས་རིག་ཁྱབ་ཁོངས་འཛིན་རིམ་བཅུ་པ་ཡན་ཡོད་པའི་སློབ་གྲྭའི་སློབ་སྤྱི་གང་རུང་གི་འགན་ལེན་དག་མཆན་འཁོད་པ་འཚང་སྙན་མཉམ་འབུལ་དགོས། ས་གནས་འགོ་འཛིན་ལས་ཁུངས་དང་ཤེས་རིག་ཁྱབ་ཁོངས་སློབ་གྲྭ་མེད་པའི་ས་གནས་སུ་རང་བདེན་ཚོགས་ཆུང་གི་ལས་དམ་དང་བཅས་ཏེ་འགན་ལེན་དག་མཆན་དགོས་པ་ཡིན།
༢། སློབ་ཕྲུག་གང་ཞིག་ཤེས་རིག་ལས་ཁུངས་ནས་སྨན་པ་(MBBS)དང་བཟོ་སྐྲུན་རིག་གནས་(Engg.)སོགས་ཀྱི་ཟུར་བཅད་ཞབས་སྟེགས་ཐོག་འདེམས་སྒྲུག་བྱུང་སྟེ་མཐོ་སློབ་འགྲིམ་བཞིན་པ་ཡིན་ཚེ་སློབ་ཡོན་འདིའི་ཁོངས་འཛུལ་ཞུགས་མི་ཆོག
༣། སློབ་སྦྱོང་གི་དུས་ཡུན་རིང་གཙུག་ལག་སློབ་ཁང་ནས་སློབ་ཡོན་དང་འཚོ་དོད། ཁང་དོད་དང་ཟས་དོད། གནང་རྒྱུའི་ཞལ་བཞེས་ཡོད། གནམ་གླ་སོ་སོ་རང་ཉིད་ནས་འགན་འཁུར་དགོས་རྒྱུ།
༤། ཕྱི་ལོ་ ༢༠༡༤ ཟླ་ ༢ པའི་ནང་མཐོ་སློབ་ཏུ་བསྐྱོད་དགོས་པར་བརྟེན། ཕྱི་བསྐྱོད་ལག་འཁྱེར་སེར་པོ་ (IC) དུས་ཐོག་ཐོན་ཐབས་བྱ་རྒྱུ་དང་། ཕྱི་བསྐྱོད་ལག་འཁྱེར་སེར་པོ་དང་འབྲེལ་བའི་དཀའ་རྙོག་རིགས་བྱུང་ཚེ་དོ་བདག་སོ་སོས་འགན་འཁུར་དགོས་པ་ལས་ཤེས་རིག་ལས་ཁུངས་ལ་འགན་འཁྲི་གང་ཡང་མེད།
༥། འདི་ནས་དོ་བདག་སོ་སོར་དུས་ཐོག་གནས་འབྲེལ་ཐུབ་རྒྱུའི་སླད་འཚང་སྙན་ནང་གནས་འབྲེལ་བྱ་ཡུལ་ཁ་བྱང་དང་། ཨི་མེལ། ཁ་པར་ཨང་གྲངས་བཅས་པ་ཁ་གསལ་འགོད་དགོས།
༦། རྒྱ་གར་ནང་འདེམས་སྒྲུག་སྐབས་ཀྱི་འགྲོ་གྲོན་ཆ་ཚང་སློབ་གཉེར་བ་རང་ངོས་ནས་བསྒྲུབ་དགོས།
༧། འཚང་སྙན་མཉམ་དུ་གནས་འབྲེལ་སྦྲག་གླ་སོགས་ཀྱི་ཆེད་ཧིན་སྒོར་ ༡༥༠ འབུལ་དགོས།
༨། འཚང་སྙན་དུས་ཐོག་མ་འབྱོར་བ་དང་། ཆ་རྐྱེན་མ་ཚང་བའི་རིགས་ལ་ངོས་བཞེས་བྱ་རྒྱུ་མིན།
༩། དུས་བཀག་གི་ཉིན་གྲངས་ ༡༤ སྔོན་ཚུད་འཚང་སྙན་ཕུལ་འབྱོར་བྱུང་བ་རྣམས་ལ་འདི་ནས་དགོས་ངེས་ཡིག་ཆ་ཚང་མིན་བརྡ་ལན་བྱ་རྒྱུ་དང་། དེའི་རྗེས་སུ་ཕུལ་འབྱོར་བྱུང་བ་རྣམས་ལ་བརྡ་ལན་བྱ་རྒྱུ་མིན།
༡༠། གཞི་རིམ་ཆ་རྐྱེན་ཚང་བའི་སྙན་འབུལ་བ་རྣམས་ལ་བོད་ཨིན་འབྲི་རྒྱུགས་དང་ངག་རྒྱུགས་གཏོང་ཆེད་བརྡ་ལན་ཟུར་དུ་གཏོང་རྒྱུ་ཡིན། ཚུད་རྒྱུགས་ཀྱི་ལམ་ནས་བརྒྱ་ཆ་རྩེ་བཏོག་གིས་སློབ་ཕྲུག་འདེམས་སྒྲུག་བྱ་རྒྱུ་དང་འདེམས་ཐོན་སློབ་ཕྲུག་ནས་ཟུར་དུ་གོང་གསལ་མཐོ་སློབ་ཁང་གི་འགེངས་ཤོག་འགེངས་དགོས་རྒྱུ།
༡༡། འཚང་སྙན་མཉམ་དགོས་མཁོའི་ཡིག་ཆ་ཁག་ཆད་ལུས་མེད་པ་གཤམ་གསལ་ཁ་བྱང་ཐོག་འབུལ་དགོས།
༡༢། སློབ་ཡོན་ཐད་དོགས་འདྲི་ཡོད་རིགས་གཤམ་གསལ་ཁ་བྱང་ཐོག་འབྲེལ་བ་གནང་འཐུས་བཅས་ཀྱི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༢༢ ལ།།
Secretary
Department of Education CTA
Gangchen Kyishong
Dharamsala – 176 215
Dist. Kangra, H.P.
Ph: 01892 – 226695, 222572, 222721
Fax: 01892- 223481
Email: [email protected]
Website: www.sherig.org