༢༠༡༣ ཟླ་ ༡༠ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༢༨ རེས་གཟའ་ཟླ་བ་ནས་ཕྱི་ཟླ་ ༡༡ ཚེས་ ༡ བར་རྡ་ས་བཞུགས་སྒར་ཕོ་བྲང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སེམས་དང་སྲོག་གི་བགྲོ་གླེང་ལྷན་ཚོགས་ཐེངས་ ༢༧ དབུ་འཛུགས་མཛད་ཡོད། ཐེངས་འདིའི་བགྲོ་གླེང་གི་བརྗོད་གཞི་གཙོ་བོ་ནི་འདོད་སྲེད་ཆགས་གསུམ་དང་ངན་གོམས་ craving, desire, and addiction སོགས་དེང་སྐབས་སྤྱི་ཚོགས་ནང་འཕྲད་བཞིན་པའི་དཀའ་ངལ་དེ་དག་ལ་གདོང་ལེན་ཇི་ལྟར་བྱ་རྒྱུའི་ཐབས་ལམ་འཚོལ་ཐབས་མཛད་རྒྱུ་ཡིན་འདུག
དེ་ཡང་སེམས་དང་སྲོག་གི་བསྟི་གནས་ཁང་གིས་ཐེངས་འདིའི་བགྲོ་གླེང་ལྷན་ཚོགས་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་འཁོད་དོན། ཚན་རིག་པས་འདོད་སྲེད་ཆགས་གསུམ་དང་ངན་གོམས་ཀྱི་དཀའ་ངལ་ཐོག་ཉམས་ཞིབ་རྒྱ་ཆེ་གནང་བའི་གནད་དོན་དེར་ཡེ་ཤུ་དང་ནང་ཆོས་ཀྱི་སྒོམ་སྒྲུབ་ཉམས་ལེན་པ་རྣམས་ལྷན་འཛོམས་ཐོག་བགྲོ་གླེང་མཛད་པ་བརྒྱུད་དཀའ་ངལ་དེ་དག་གི་རྒྱུ་རྐྱེན་ངོ་མ་རྩད་གཅོད་ཀྱིས་སྲེད་པའི་རྒྱུ་ངོ་མ་ཇི་ཡིན་དང་། དེའི་རྣམ་པ་མི་འདྲ་བ་རྣམས་ངོས་འཛིན་པའི་ཐོག་ནས་སྨན་བཅོས་ཚད་དང་ལྡན་པ་ཞིག་ཡོང་རྒྱུའི་དམིགས་ཡུལ་ཡིན། ཞེས་འཁོད་ཡོད།
ལྷན་ཚོགས་ནང་མཉམ་ཞུགས་གནང་མཁན་གྱི་མཁས་དབང་རྣམས་ནི་ཀེན་ཊི་བྷེ་རི་ཇི་ལགས་ Kent Berridge, PhD དང་། སེམས་ཁམས་རིག་པ་དང་ཀླད་ཁམས་རིག་པའི་གཙུག་ལག་གཙུག་ལག་རམ་འབྱམས་པ་སྐུ་ཞབས་ཇེམ་སི་ཨོལྜ་སི་ཀོ་ལི་གེ་ཊི་ James Olds Collegiate Professor of Psychology ལགས། ཝ་ཤིང་ཊོན་གཙུག་ལག་སློབ་གྲྭའི་གཙུག་ལག་རམ་འབྱམས་པ་སློབ་དཔོན་ལྕམ་སྐུ་ས་ར་བྷོ་ཝེན་ Sarah Bowen ལགས། ཀླད་ཁམས་རིག་པའི་མཁས་དབང་སྐུ་ཞབས་རི་ཆ་ཌི་ཇེ་ཌེ་ཝི་ཌི་སན་ Richard J Davidsonལགས། སྐུའི་གསུང་བསྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས། གཙུག་ལག་རམ་བྱམས་པ་པ་ཨར་ཐར་ཛ་ཀོངྐ་Arthur Zajoncསོགས་ཕེབས་ཡོད་པ་བཅས།།