༢༠༡༣ ཟླ་ ༩ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །བལ་ཡུལ་ཁུལ་བོད་མིའི་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སྡེ་ཚན་ཁག་གི་ཆེད་གཤམ་གསལ་ལས་བྱེད་ཁ་བསྐོང་ཆེད་ལས་བྱེད་གསར་འདེམས་བསྐོ་གཞག་གནང་རྒྱུ་ཡིན་ན། བལ་ཡུལ་དུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་ལག་འཁྱེར་ཡོད་པ་དང་། གཤམ་གསལ་ཆ་རྐྱེན་ཚང་ཞིང་དོན་དམ་སྲི་ཞུའི་ལས་བྱེད་དུ་ཞུགས་ཏེ་ཉུང་མཐར་ལོ་ལྔའི་རིང་ཞབས་ཞུ་གནང་འདོད་ཡོད་རིགས་ནས་གཤམ་གསལ་ཁ་བྱང་ཐོག་འཚང་སྙན་འབུལ་འཐུས།
ཀ༽ ལས་བྱའི་སྡེ་ཚན་ཁོངས་སྡེ་ཚན་འགན་འཛིན་གྱི་ས་མིག་གྲངས་ ༡ ཡོད་པར་དགོས་མཁོའི་ཆ་རྐྱེན།
༡༽ ཤེས་ཚད། ཉུང་མཐར་ཚད་ལྡན་མཐོ་སློབ་ཞིག་ནས་རྩིས་ཡིག་ཐོག་ཉེ་བའི་གཙུག་ལག་རབ་འབྱམ་པའི་ཐོག་རྩིས་སློབ་ B.Com ཐོན་པའི་ལག་འཁྱེར་ཡོད་པའམ། ཡང་ན་དེ་དང་མཉམ་པའི་ཤེས་ཚད་ལག་འཁྱེར་ཡོད་པ།
༢༽ ལོ་ཚད། ༢༠༡༣།༡༠།༣༡ བར་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས་རྒྱུ།
༣༽ ལས་འགན། ལས་ཁུངས་ཀྱི་རྩིས་པ།
༤༽ རྒྱུགས་གཞི། བོད་ཡིག་དང་། དབྱིན་ཡིག ཆབ་སྲིད། རྩིས་ཡིག་བཅས་སློབ་ཚན་བཞིའི་ཐོག་འབྲི་རྒྱུགས་དང་།
བོད་དབྱིན་ཆབ་སྲིད་བཅས་གསུམ་ཐོག་ངག་རྒྱུགས་ལེན་རྒྱུ།
ཁ༽ རྒན་དྲུང་གི་ས་མིག་གྲངས་ ༡ ཡོད་པར་དགོས་མཁོའི་ཆ་རྐྱེན།
༡༽ ཤེས་ཚད། ཉུང་མཐར་ཚད་ལྡན་མཐོ་སློབ་ཞིག་ནས་ཉེ་བའི་གཙུག་ལག་རབ་འབྱམས་པ་ B.A/B.Com/B.Sc ཐོན་པའི་ལག་འཁྱེར་ཡོད་པའམ། ཡང་ན་དེ་དང་མཉམ་པའི་ཤེས་ཚད་ལག་འཁྱེར་ཡོད་པ།
༢༽ ལོ་ཚད། ༢༠༡༣།༡༠།༣༡ བར་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས་རྒྱུ།
༣༽ རྒྱུགས་གཞི། བོད་ཡིག་དང་། དབྱིན་ཡིག ཆབ་སྲིད། རྩིས་ཡིག་བཅས་སློབ་ཚན་བཞིའི་ཐོག་འབྲི་རྒྱུགས་དང་།
བོད་དབྱིན་ཆབ་སྲིད་བཅས་གསུམ་ཐོག་ངག་རྒྱུགས་ལེན་རྒྱུ།
གོང་གསལ་གནས་རིམ་སོ་སོར་ཆ་རྐྱེན་ལྡན་རིགས་ནས་འདི་ག་ལས་བྱེད་འདེམས་བསྐོ་ལྷན་ཁང་དང་། བལ་དོན་ཁང་།ཋས་གནས་འགོ་འཛིན་ལས་ཁང་།ཋདབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ (www.tibet.net or www.154.35.136.131 ) གང་རུང་ནས་བོད་ཡིག་ཐོག་གཏན་འབེབས་ཡོད་པའི་འཚང་སྙན་འགེངས་ཤོག་ཞུས་པའི་ནང་གསལ་དོན་ཚན་རྣམས་འཚེམས་ལུས་མེད་པ་བཀང་སྟེ།
(༡) རང་ཉིད་ཀྱི་ད་ལྟའི་ཕྱེད་དཔར་ཚོན་ལྡན་གཉིས་རེ་དང་།
(༢) མཐའ་མའི་ཤེས་ཚད་ཨང་ཤོག་དང་། ལག་འཁྱེར་ངོ་བཤུས་། (Marksheet & Certificate)
(༣) འབུལ་འབབ་གཙང་འབུལ་ཟིན་པའི་དཔྱ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་། གཉིས་པ། མཐའ་མའི་ངོ་བཤུས།
(༤) བལ་ཡུལ་ནང་ཁྲིམས་མཐུན་གནས་སྡོད་ཆོག་པའི་ལག་འཁྱེར་གང་ཡོད་ཀྱི་ངོ་བཤུས།
(༥) བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང་། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་། འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིནཔའི་སྨན་པའི་ངོས་སྦྱོར་(MC) ཁ་གསར་སྟེང་རང་ཉིད་ཀྱི་འདྲ་དཔར་མཉམ་སྦྱར་ཐོག་དག་མཆན་ལས་དམ་དང་། ས་རྟགས་འཁོད་པ་ངོ་མ།
(༦) སྐྱེས་ཚེས་ལག་འཁྱེར་ཡོད་ན་དང་། དེ་མིན་ཁུངས་སྐྱེལ་ཆེད་སྐྱེས་ཚེས་གསལ་བའི་སློབ་ཐོན་ལག་འཁྱེར་ངོ་བཤུས།
(༧) རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་བྱ་སྦྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་(Character Certificate)ངོ་མ།
(༨) ལས་བྱེད་ཁོངས་ཚུད་ན་ཉུང་མཐར་ལོ་ ༥ ཞབས་ཞུ་གནང་རྒྱུའི་གན་ཡིག་རྗེས་སུ་འབུལ་ན་འཐུས་རྒྱུ།
(༩) གལ་སྲིད་ད་ལྟ་སྤྱི་སྒེར་སྡེ་ཚན་གང་རུང་ནང་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་སྡེ་ཚན་ནས་དགག་ཆ་མེད་པའི་ངོས་སྦྱོར་(No Objection Letter)ངོ་མ་བཅས་མཉམ་འབུལ་དགོས་པ་དང་།
གོང་གསལ་ཡིག་ཆའི་ངོ་བཤུས་ཁག་ལ་འབྲེལ་ཡོད་ས་གནས་འགོ་འཛིན་ནམ། འདེམས་ལྷན་ནས་བསྐོ་གཞག་བྱས་པའི་ཟུང་དྲུང་གནས་རིམ་ཡན་སུ་རུང་གི་དག་ཆན་ལས་དམ་(Attestation) ཞུས་ཏེ་ ༢༠༡༣ ཕྱི་ཟླ་ ༡༠ ཚེས་ ༣༡ འགྱངས་མེད་རང་ཉིད་ཀྱི་ཁྱིམ་གཞིས་དང་སླད་འབྲེལ་བ་བྱེད་བདེའི་ཁ་བྱང་དང་། གློག་འཕྲིན་(e-mail )ཁ་བྱང་། ལག་འཁྱེར་ཁ་དཔར་ཨང་གྲངས་བཅས་ཁ་གསལ་བཀོད་དེ་གཤམ་གསལ་དྲུང་ཆེའི་མཚན་བྱང་ཐོག་འབུལ་འབྱོར་ཟིན་པ་དགོས་རྒྱུ། ཆ་རྐྱེན་ཚང་ཞིང་ཚོད་བལྟའི་དུས་ཚེས་གཙང་བའི་ལས་བྱེད་ཡིན་མུས་སུ་རུང་གནས་རིམ་འོག་མ་ནས་ཀྱང་སྒྲིག་གསལ་ལྟར་སྙན་འབུལ་ཆོག་རྒྱུ། གོང་གསལ་དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་གཏོང་རྒྱུ་ཡིན།
འཚང་སྙན་དུས་ཐོག་འབྱོར་རིགས་རྣམས་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་དང་འབྲེལ་འོས་ཆོས་ལྡན་པ་ཚོར་དུས་ཐོག་ e-mail ཁ་པར་གང་རུང་བརྒྱུད་ཛ་དྲག་གི་འབོད་བརྡ་གཏོང་རྒྱུ་དང་། ཡིག་རྒྱུགས་ལས་རིམ་ ༢༠༡༣ ཕྱི་ཟླ་ ༡༢ པའི་ནང་བལ་ཡུལ་ཁུལ་དུ་གོ་སྒྲིག་བྱ་རྒྱུར་རྗེས་སུ་གནས་འབྲེལ་བྱེད་འཐུས་སྐབས་བསྟུན་ལག་འཁྱེར་སོགས་ཡིག་ཆ་ངོ་མ་ཁག་ངེས་པར་དུ་མཉམ་འཁྱེར་གྱིས་བལ་ཡུལ་འབྲེལ་མཐུད་ལས་ཁུངས་སུ་འབྱོར་ཐོ་འགོད་བཅར་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༡༣ ཟླ་ ༩ ཚེས་ ༢༣ ལ།།
The Secretary
Public Service Commission
Central Tibetan Administration
Gangchen Kyishong, Dharamsala
Distt.Kangra, (H.P) -176215
E-mail: [email protected]
Tel: 01892-226240
Telefax: 01892-222328