༢༠༡༣ ཟླ་ ༩ ཚེས་ ༢༣ རེས་གཟའ་ཟླ་བ།
༄༅། །རྒྱ་གར་གྱི་ (Energy Minister)ནུས་ཤུགས་བློན་ཆེན་ཟུར་པ་སྐུ་ཞབས་ཝིག་ཀརམ་མཧཱ་ཇན་ (Mr.Vikram Mahajan) མཆོག་ད་ལམ་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༦ པར་ཕེབས་པའི་ཚོགས་མི་ཡོངས་ཀྱིས་གཙོས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུས་བཀའ་བློན་རྣམ་པ་ལྷན་རྒྱས་དང་། བོད་མི་མང་སྤྱི་འཐུས་རྣམ་པ་བཅས་ལ་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༡ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༦།༣༠ ཐོག་རྡ་སྟེང་མེག་གྷན་ཀ་ལབ་ཧ་སེ་གསོལ་མགྲོན་དུ་གསོལ་སྟོན་ཞིག་བཤམས་ཡོད། སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་ནང་སྲིད་བཀའ་བློན་རྣམ་གཉིས་ཀྱིས་དབུ་མའི་ལམ་གྱི་སྐོར་གསུང་བཤད་གནང་ཡོད།