༢༠༡༣ ཟླ་ ༩ ཚེས་ ༢༤ རེས་གཟའ་མིག་དམར།
༄༅། །ལྕམ་སྐུ་ཨེན་གེ་ལ་མར་ཀེལ་ German Chancellor Angela Merkel མཆོག་ཇར་མ་ནི་ཡུལ་གྱི་སྲིད་བློན་དུ་སླར་ཡང་འདེམས་ཐོན་བྱུང་བར་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༤ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་འཚམས་འདྲི་ཞུས་པའི་ནང་འཁོད་དོན།
བོད་མི་མང་སྤྱི་འཐུས་ལྷན་ཆོགས་ནས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ལྕམ་སྐུ་མཆོག་ལ་ལོ་གསུམ་བསྟུད་མར་སྲིད་བློན་འོས་བསྡུའི་ནང་རྒྱལ་ཁ་ཐོབ་པར་འཚམས་འདྲི་ཞུ་རྒྱུ་ཡིན། ང་ཚོས་སྐུ་ཉིད་མཆོག་གི་དབུ་ཁྲིད་ལས་ཡུན་རིང་ལས་དོན་མཐའ་དག་བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
སྐུ་ཉིད་མཆོག་གིས་དེང་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་མཁྱེན་ཆུབ་ཡོད་སྟབས། ཡུན་རིང་ལུས་པའི་བོད་ཀྱི་གནད་དོན་སེལ་ཆེད་ཕུག་རྒྱང་རིང་པོའི་ཐབས་ལམ་འཚོལ་ཆེད་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་འཁོད་འདུག་པ་བཅས།།