༢༠༡༣ ཟླ་ ༩ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༥ ནས་འགོ་འཛུགས་ཀྱིས་ ༦ བར་ཉིན་གྲངས་གཉིས་རིང་ར་ཤི་ཡའི་ནང་ (G20) ཞེས་ཨ་རི་དང་ཇར་མན། ར་ཤི་ཡ། ཕ་རན་སི། དབྱིན་ཇི། ཉི་ཧོང། རྒྱ་གར། རྒྱ་ནག་སོགས་འཛམ་གླིང་ནང་རྒྱལ་ཁབ་ཆེ་ཤོས་ཁག་གཅིག་གི་འགོ་ཁྲིད་ཚོའི་ཆེས་མཐོའི་ཚོགས་འདུ་འཚོགས་བཞིན་ཡོད་པ་མ་ཟད། ཚོགས་ཞུགས་སུ་ཇར་མན་ (Germany) གྱི་སྲིད་བློན་ལྕམ་སྐུ་ཨང་ཀེ་ལ་མར་ཁལ་ (Angela Merkel) མཆོག་ཕེབས་ཀྱི་ཡོད་སྟབས། ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༤ ཉིན་ཇར་མན་ནང་གནས་བཞུགས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ནས་ཇར་མན་གྱི་རྒྱལ་ས་ (Berlin) འབར་ལིན་གྱི་སྲིད་བློན་ལས་ཁུངས་མདུན་དུ་བཅར་ཏེ། སྲིད་བློན་ལྕམ་སྐུ་ཨང་ཀེ་ལ་མར་ཁལ་་མཆོག་ཐེངས་འདིའི་ཚོགས་འདུར་ཚོགས་ཞུགས་གནང་གི་ཡོད་པར་བརྟེན། སྐུ་ཉིད་མཆོག་གིས་ཚོགས་འདུ་དེའི་ཐོག་བོད་ཀྱི་ཛ་དྲག་གནས་སྟངས་སྐོར་གླེང་སློང་གནང་རོགས། ཞེས་པའི་ལས་འགུལ་ཞིག་སྤེལ་འདུག་པ་བཅས། །