༢༠༡༣ ཟླ་ ༩ ཚེས་ ༥ རེས་གཟའ་ཕུར་བུ།
༄༅། །ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༨ ནས་ ༡༢ བར་ལྡི་ལི་ནང་པའི་ལྷན་ཚོགས་སུ་ཕེབས་རྒྱུ་ཡིན་འདུག དེ་ཡང་བཀའ་བློན་མཆོག་ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༢༠ ཐོག་ལྡི་ལིར་ཕེབས་འབྱོར་གནང་རྒྱུ་དང་། ཕྱི་ཚེས་ ༩ ནས་ ༡༢ བར།ལྡི་ལི་ཨ་ཤོ་ཀ་མི་ཤན་ (Asoka Mission) ནས་གོ་སྒྲིག་ཞུས་པའི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ (International Buddhist Confederation) སུ་ཚོགས་བཅར་གནང་རྒྱུ་ཡིན་འདུག ཕྱི་ཚེས་ ༡༢ ཉིན་གྱི་མཚན་མོ་ཆུ་ཚོད་ ༨།༤༥ ཐོག་ལྡི་ལི་ནས་པ་ཀོར་བརྒྱུད་ཕྱི་ཚེས་ ༡༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ ཐོག་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག