༢༠༡༣ ཟླ་ ༩ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །བོད་ནང་དུ་རྒྱ་ནག་གིས་བཙན་འཛུལ་མ་བྱས་གོང་བོད་གཞུང་ནང་ཕྱི་གླིང་བ་ཐོག་མ་གཞུང་ཞབས་གནང་སྟེ་ཞབས་ཞུ་གནང་མྱོང་མཁན་དགུང་གྲངས་ ༩༠ སོན་པ་སྐུ་ཞབས་རོ་སྦར་ཊི་ཕོརཌ་ Mr Robert Ford མཆོག་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༠ ཉིན་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༢༦ རེས་གཟའ་ཕུར་བུའི་ཉིན་དམ་པ་ཁོང་གི་ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན། སྐུ་ཞབས་དམ་པ་རོ་སྦར་ཊི་ཕོརཌ་མཆོག་ནི་ཕྱི་ལོ་ ༡༩༥༩ སྔོན་གྱི་བོད་གཞུང་གི་གཞུང་ཞབས་གནང་མྱོང་མཁན་གྱི་ཕྱི་གླིང་པ་ཐོག་མ་དེ་ཆགས་ཡོད། དེར་བརྟེན་བོད་པའི་ལོ་རྒྱུས་ཁྲོད་དམིགས་བསལ་ཆེད་མཐོང་ཞིག་ཐོབ་ཡོད། ཅེས་པའི་གསུང་འཕྲིན་སྩལ་བ་དང་སྦྲགས། མགོན་པོ་གང་ཉིད་མཆོག་དེ་སྔ་དམ་པ་ཁོང་དང་ཐེངས་མང་མཇལ་འཕྲད་མཛད་ཡོད་པ་མ་ཟད། འདི་ལོའི་ཕྱི་ཟླ་ ༤ ནང་སུད་སིར་མཇལ་འཕྲད་མཛད་པ་སོགས་ཐུགས་དྲན་གསོ་མཛད་ཡོད།