༢༠༡༣ ཟླ་ ༨ ཚེས་ ༣༠ རེས་གཟའ་པ་སངས།
༄༅། །རྒྱ་གར་ཆབ་སྲིད་ཚོགས་པ་ National People’s Congress (NPC) ལྡི་ལིར་ལྷན་ཚོགས་གྲུབ་མཚམས་ཨ་རུ་ན་ཅལ་ཁུལ་གྱི་ཚོགས་མི་གྲངས་ ༤ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུ་རྒྱུས་མཚོན་ཕྱི་ལོ་ ༢༠༡༣ ཟླ་ ༨ ཚེས་ ༢༨ དང་ ༢༩ ཉིན་གཉིས་རིང་བཞུགས་སྒར་རྡ་རམ་ས་ལར་ཕེབས་ཡོད། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས་སྐུ་མགྲོན་རྣམ་པར་སྣེ་ལེན་གནང་ཡོད། ཕྱི་ཚེས་ ༢༩ ཉིན་གྱི་ཕྱེད་ཡོལ་རྒྱ་གར་བྱང་ཤར་ནས་ཕེབས་པའི་སྐུ་མགྲོན་རྣམ་པ་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་མཆོག་བཅས་མཇལ་འཕྲད་ཀྱིས་བོད་དོན་སྐོར་གླེང་མོལ་གནང་ཡོད་པ་མ་ཟད། ཕྱི་དྲིལ་བཀའ་བློན་མཆོག་དང་དྲུང་ཆེ་བཅས་ཀྱང་མཇལ་འཕྲད་གནང་སྟེ་གསུང་མོལ་གནང་ཡོད།