༢༠༡༣ ཟླ་ ༨ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་ USAID འཆར་གཞིའི་འོག་འདི་ལོ་ཡང་(Common Admission Test, CAT Coaching) སྦྱོང་བརྡར་ཆེད་སློབ་ཡོན་གོ་སྐབས་གནང་གཏན་འཁེལ་སོང་ན་འཚང་སྙན་འབུལ་འདོད་ཡོད་རིགས་ནས་གཤམ་གསལ་དགོས་ངེས་ཡིག་ཆ་ཁག་ཆད་ལུས་མེད་པར་ཕྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༣༠ འགྱངས་མེད་འདི་ག་ལས་ཁུངས་སུ་འབུལ་ཟིན་པ་དགོས་རྒྱུ།
༡༽ ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་པའི་ཐོག་བརྒྱ་ཆ་ ༥༠ ཡན་ལོན་པ་དགོས་རྒྱུ།
༢༽ འཛིན་རིམ་བཅུ་པ་དང་། བཅུ་གཉིས། ཉེ་བའི་གཙུག་ལག་རབ་འབྱམས་པ་བཅས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ཨང་ཤོག་ཁག་གི་ངོ་བཤུས།
༣༽ དོ་བདག་དང་ཕ་མའི་དྭང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༢ ཟླ་ ༡༢ བར་གཙང་ཕུལ་ཟིན་པའི་ལག་དེབ་ཀྱི་ངོ་བཤུས།
༤༽ དོ་བདག་རྒྱ་གར་སྐྱབས་བཅོལ་ལག་དེབ་ཐོག་ཁྲིམས་མཐུན་དུས་འགྱངས་བཀའ་འཁྲོལ་ཞུས་པའི་ངོ་བཤུས་འབུལ་དགོས། གལ་ཏེ་ལག་དེབ་དུས་འགྱངས་ཞུ་ཆེད་འབྲེལ་ཡོད་ལས་ཁུངས་སུ་བཏང་ཟིན་པ་ཡིན་ཚེ་ལས་ཁུངས་དེའི་བྱུང་འཛིན་ངོ་བཤུས་སམ་གནས་ཡུལ་ས་གནས་འགོ་འཛིན་གྱི་ངོས་སྦྱོར་གང་རུང་དགོས། བལ་ཡུལ་དང་འབྲུག་ཁུལ་གནས་སྡོད་སྙན་འབུལ་བ་ཡིན་ན་བོད་མི་སྐྱབས་བཅོལ་བ་དངོས་འབྲེལ་ཡིན་པའི་ངོས་འཛིན་ཐུབ་པར་ས་གནས་རང་བདེན་ཚོགས་ཆུང་གི་ངོ་སྤྲོད་རྒྱབ་གཉེར་ཐོག་ས་གནས་འགོ་འཛིན་ནས་ཞིབ་འཇུག་གིས་ངོས་སྦྱོར་ཡིག་ཆ་ངེས་པར་དུ་ཞུ་འབུལ་དགོས།
༥༽ དོ་བདག་གི་མི་ཚེའི་ལོ་རྒྱུས་སྙིང་བསྡུས་Curriculum Vitae (CV) ཤིག་འབུལ་གནང་དགོས་རྒྱུ།
གོང་གསལ་ལག་འཁྱེར་དང་ཨང་ཤོག་གི་ངོ་བཤུས་སྟེང་ས་གནས་འགོ་འཛིན་ནམ། ཟུང་དྲུང་གནས་རིམ་ཡན་གྱི་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་གང་རུང་གི་འགན་ལེན་དག་མཆན་འཁོད་པ་འཚང་སྙན་མཉམ་འབུལ་དགོས་པ་ཡིན། དེ་བཞིན་ཐུགས་སྣང་དགོས་པ་ཞིག་ལ་སྦྱོང་བརྡར་ཁང་(Coaching Centre)སློབ་ཕྲུག་རང་ཉིད་ནས་ཐབས་འཚོལ་གནང་དགོས་རྒྱུ་བཅས། ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༣༡ ལ།
Secretary
Department of Education, CTA
Gangchen Kyishong
Dharamsala-176215,
Distt. Kangra, Himachal Pradesh
Ph.01892-226695, 222572,222721 Fax:01892-223481
E-mail:education@tibet.net or scholarship@tibet.net
Website:www.tcewf.org or www.sherig.org/tib