༢༠༡༣ ཟླ་ ༨ ཚེས་ ༥ རེས་གཟའ་ཟླ་བ།
༄༅། །དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལྷན་ཁང་གི་ ༢༠༡༣།༡༤ ལོའི་སྐབས་གཉིས་པའི་ན་གཞོན་རོགས་སྐྱོར་ལས་རིགས་སྦྱོང་བརྡར་ལས་གཞིའི་གསལ་བསྒྲགས་ས་གནས་སོ་སོར་སོང་ཟིན་པ་ལྟར། ཕྱི་ལོ་ ༢༡༣ ཟླ་ ༡༠ ཚེས་ ༡ ཉིན་སྦེང་ལོར་ལས་རིགས་སྦྱོང་བརྡར་ལྟེ་གནས་ཁང་དུ་འགོ་འཛུགས་བྱ་རྒྱུ་ལགས་ན། འཚང་སྙན་འབུལ་བློ་ཡོད་རིགས་རྣམས་ནས་སོ་སོའི་ས་གནས་འགོ་འཛིན་བརྒྱུད་ ༢༡༣།༨།༣༡ འགྱངས་མེད་འབུལ་འབྱོར་ཐུབ་པ་དགོས་རྒྱུ། ཆ་རྐྱེན་སོགས་ཀྱི་ཐད་དབུས་བོད་མིའི་ངལ་སེལ་ཚོགས་པའི་དྲྭ་ཚིགས་ “www.centraltibetanreliefcommittee.org” ནང་གཟིགས་གནང་ཡོང་བ་ཞུ།